མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་རྒྱལ་གཅེས་ན་གཞོན་གྱི་ལས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་རྗེས་དམངས་ཕན་སྒོར་མོ་ས་ཡ་བརྒྱད་དང་འབུམ་དགུ་ཁྲི་དགུ་དངོས་འབེབས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-02-04 11:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱིས་རྒྱལ་གཅེས་ན་གཞོན་གྱི་ལས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་རྗེས། ས་ཁུལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན་འབུམ་གཅིག་དང་ཁྲི་བརྒྱད་ཙམ་གྱིས་རྒྱལ་ཁབ་ལ་གཅེས་ཤིང་ལས་སྤེལ་དམངས་ཕྱུག ངལ་རྩོལ་ལ་དགའ་ཞིང་བདེ་སྐྱིད་ལ་གཅེས་སྤྲས་བཅས་བྱེད་པར་སྣེ་ཁྲིད་བྱས་པ་དང་། ཧུར་ཐག་སྒོས་རྒྱ་ཆེའི་ན་གཞོན་རྣམས་ཀྱི་གཙོ་ཤུགས་དམག་དཔུང་དང་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཆབ་མདོ་ས་ཁུལ་གྱི་འཕེལ་རྒྱས་དང་བརྟན་འཇགས་བྱ་བར་སྐུལ་འདེད་བཏང་།

ཉིས་སྟོང་བཅུ་གསུམ་ལོར་ཆབ་མདོ་ས་ཁུལ་གྱིས་ཏང་སྲིད་དམག་གསུམ་དང་ཉེན་རྟོག་པའི་ན་གཞོན་སྟོང་བདུན་དང་སུམ་བརྒྱ་ལྷག་རྩ་འཛུགས་བྱས་ཏེ་གཞི་རིམ་ཁྱིམ་ཚང་དུ་སོང་ནས་མང་ཚོགས་ལ་ཞབས་ཕྱི་བསྒྲུབས་པ་དང་མང་ཚོགས་དང་མཉམ་འདུག་མཉམ་བཟའ། མཉམ་དུ་སློབ་སྦྱོང་དང་མཉམ་དུ་ངལ་རྩོལ་བྱས་ནས་མང་ཚོགས་ཀྱི་བར་ཐག་ཇེ་ཉེ་རུ་བཏང་བར་མ་ཟད་མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་བཏང་། ས་ཁུལ་ཡོངས་ཀྱི་ན་གཞོན་རྣམས་ཀྱིས་བྱ་འགུལ་དེ་སྤེལ་བ་བརྒྱུད་ནས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གྲོས་གཞི་སྟོང་དགུ་དང་བརྒྱ་དང་དོན་དགུ་བསྡུ་ལེན་བྱས་ཤིང་། ཞིང་བར་ཕན་པའི་སྲིད་ཇུས་ཐེངས་ཁྲི་གཉིས་ལྷག་ལ་དྲིལ་སྒྲོག་བྱས་པ་དང་། ཞིང་ཕན་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་དགུ་ཁྲི་དགུ་དངོས་འབེབས་བྱས་པར་མ་ཟད་མང་ཚོགས་ལ་དོན་དངོས་སྟོང་བརྒྱད་དང་དྲུག་བརྒྱ་དོན་བདུན་བསྒྲུབས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག