མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་ས་ཁུལ་གྱིས་བོད་ལུགས་ཀྱི་སོ་ནམ་ལོ་གསར་བསུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-02-04 11:57

ཚེས༢༩ཉིན་གྲོང་མི་དང་གྲོང་གསེབ་ཏུ་སྡོད་པའི་ལས་བྱེད་པ་དང་ལྷན་དུ་དགུ་ཐུག་ལ་རོལ་བ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་དུས་སུ། བོད་ལྗོངས་གཞིས་ཀ་རྩེའི་ས་ཁུལ་མང་ཤོས་ཀྱིས་ཡུལ་དེའི་སྲོལ་རྒྱུན་གྱི་དུས་ཆེན་བོད་ལུགས་ཀྱི་སོ་ནམ་ལོ་གསར་བསུ་འགོ་བརྩམས། ཟླ༡པོའི་ཚེ༢༩ཉིན་གྱི་དགོང་མོར། ས་ཁུལ་དེ་དག་གི་བོད་རིགས་མང་ཚོགས་ཀྱིས་ལྷན་འཛོམས་ཞལ་ཟས་དགུ་ཐུག་མཆོད་པ་ནས་འགོ་བརྩམས་ཏེ། བོད་ལུགས་ཀྱི་སོ་ནམ་ལོ་གསར་བསུ་པའི་ཡོལ་བ་ཐོག་མར་ཕྱེ།

ད་ལོའི་དཔྱིད་གསར་དུས་ཆེན་གྱི་ཚེས་༡ཉིན་ནི་བོད་ཟླ༡༢པའི་ཚེས༡ཉིན་ཏེ་བོད་ལྗོངས་གཙང་ཁུལ་གྱི་སོ་ནམ་ལོ་སར་གཏོང་བའི་ཉིན་ཡང་རེད། ཉིན་དེར་གཙང་པ་རྣམས་ཀྱིས་དགོན་པར་མཆོད་མཇལ་དང་། གྲོ་སོ་ཕྱེ་མར་འགྱོག་པ། ཆུ་ཕུད་ལེན་པ་སོགས་སྲོལ་རྒྱུན་ལྟར་ལོ་སར་ལ་རྟེན་འབྲེལ་ཞུ་པ་རེད། དེ་ཡང་། བོད་ཟླ་དང་པོའི་སྐབས་སུ། བོད་ལྗོངས་གཙང་ཁུལ་དུ་སོ་ནམ་གྱི་ལས་ལ་བརྩོན་འགོ་ཚུགས་པར་བརྟེན། གཙང་ཁུལ་གྱི་ཞིང་པ་རྣམས་ཀྱིས་ལོ་རེའི་བོད་ཟླ་བཅུ་གཉིས་ཀྱི་ཚེས་གཅིག་གི་ཉིན་མོར་གཙང་ཁུལ་གྱི་སོ་ནམ་ལོ་སར་གཏོང་བའི་སྲོལ་དར་བ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག