མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་འཕྲོད་བསྟེན་ཐིན་གྱིས་རོང་འབྲོག་པར“བདེ་ཐང་གཞི་གྲངས་མཛོད”བཙུགས་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-30 10:27

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། དམངས་ཡོངས་ཀྱི་ལུས་པོར་བརྟག་དཔྱད་བྱེད་པའི་བདེ་ཐང་སྐོར་གྱི་བྱ་བ་ལེགས་པོར་སྒྲུབ་ཆེད། བོད་ལྗོངས་འཕྲོད་བསྟེན་ཐིན་གྱིས་དམངས་ཡོངས་ཀྱི་ལུས་པོར་བརྟག་དཔྱད་བྱེད་པའི་བདེ་ཐང་བྱ་བའི་ཇུས་གཞི་བཏོན་ཏེ། ལུས་པོར་ཞིབ་བཤེར་བྱ་བའི་བསམ་ཕྱོགས་དང་། དམིགས་འབེན་ལས་འགན། དུས་ཚོད་དང་འཕེལ་རིམ་བཅས་གཏན་ཁེལ་བྱས་ཤིང་། བདེ་ཐང་ཡིག་ཚགས་ཚད་ལྡན་བཙུགས་པ་མ་ཟད། རོང་འབྲོག་པའི་བདེ་ཐང་ཡིག་ཚགས་དེབ་ཁྲི61གཏན་ལ་ཕབ་ཏེ་པར་སྐྲུན་བྱས་ནས་དམངས་ཡོངས་ཀྱི་ལུས་པོ་བརྟག་དཔྱད་ཐད་བེད་སྤྱོད་རྒྱུ་རེད།

རྒྱུས་ལོན་ལྟར་ན། རོང་འབྲོག་པའི་བདེ་ཐང་ཡིག་ཚགས་ལ་རང་ཉིད་གནས་ཚུལ་སྐོར་གྱི་རེའི་མིག་དང་ལུས་པོར་བརྟག་དཔྱད་སྐོར་གྱི་རེའི་མིག་གཉིས་ཡོད་དེ། དེར་རྣམ་གྲངས24དབྱེ་ཡོད་པ་དང་། རྣམ་གྲངས་ཆུང་ངུ་རིགས120ལྷག་ཡོད། འཕྲོད་བསྟེན་པུའུ་ཡིས་གོ་སྐབས་འདི་དང་བསྟུན་ནས། དམངས་ཡོངས་ཀྱི་ལུས་པོར་བརྟག་དཔྱད་བྱེད་པའི་བྱ་བ་ལག་བསྟར་བྱེད་པར་བརྒྱུད་དེ། མི་དམངས་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ཚོད་འཛིན་བྱ་རྒྱུ་དང་། དུས་ཐོག་ཏུ་ནད་གཞི་ངོས་འཛིན་པ་དང་། དུས་ཐོག་ཏུ་བརྟག་དཔྱད་བྱེད་པ། དུས་ཐོག་ཏུ་སྨན་བཅོས་བྱེད་པ་བཅས་བྱས། རོང་འབྲོག་པར“བདེ་ཐང་གཞི་གྲངས་མཛོད”བཙུགས་པ་ནི་རོང་འབྲོག་པའི་ནད་གཞིའི་གནས་ཚུལ་དུས་ཐོག་ཏུ་བརྟག་དཔྱད་བྱས་ཏེ། བསྟུད་མར་ཚོད་འཛིན་བྱེད་པའི་ཆེད་དུ་རེད།

རྒྱུས་ལོན་ལྟར་ན། བོད་ལྗོངས་འཕྲོད་བསྟེན་ཐིན་གྱིས་ས་ཁུལ་ཁ་ཤས་ནས་རོང་འབྲོག་པའི་བདེ་ཐང་བརྟག་དཔྱད་ཀློག་རྡུལ་ཡིག་ཚགས་ཀྱང་བཙུགས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག