མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་ཚོར་ཐུབ་པར་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-01-29 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སློབ་གསོ་རྒྱག་སྟངས་དང་གཞི་རྟེན་གསར་གཏོད་བྱས་པར་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

བྱེད་སྒོའི་ནང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཏང་གི་བཀའ་དྲིན་ཚོར་བ་དང་ཕྱུག་པོ་ཆགས་ལུགས་བརྗོད་པ། བརྟན་ལྷིང་ཡོང་བ་བྱེད་པ། གོང་འཕེལ་འགྲོ་ཐབས་བྱེད་པ་བཅས་ཀྱི་བརྗོད་དོན་གཙོ་བོ་དང་དམ་པོར་བསྟུན་ནས་གཅིག་བསྡུས་ཐོག སྒྲོག་སྦྱང་དང་བཞུགས་མོལ་གྲོས་བསྡུར་སོགས་སྟབས་བསྟུན་སྣ་མང་གི་བྱ་ཐབས་བེད་སྤྱད་དེ་བརྗོད་དོན་གཙོ་བོ་དབྱེ་བ་དང་རིམ་གྲས་དབྱེ་བ། གོ་རིམ་དབྱེ་བ་བཅས་བྱས་ནས་ངོ་ཐུག་གདོང་འཕྲད་ངང་མང་ཚོགས་ལ་ཏང་གི་ཞིང་འབྲོག་ལས་སྟོབས་ཆེར་གཏོང་རྒྱུ་དང་དམངས་ལ་ཕན་འདོགས་རྒྱུའི་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་རེད།

ཞིང་ལས་སྟོབས་ཆེར་གཏོང་རྒྱུ་དང་དམངས་ལ་ཕན་པ་འདོགས་རྒྱུའི་སྲིད་ཇུས་དྲིལ་བསྒྲགས་སྒྲོམ་སྟེགས་བཟོ་བ་དང༌། གཞོན་ནུ་དང་དར་མར་སྤྱོད་གོ་ཆོད་པའི་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་དང་ཁྲིམས་ལུགས་སྦྱོང་བརྡར་འཛིན་གྲྭ། ཡིག་རྨོངས་སེལ་བའི་འཛིན་གྲྭ། བྱིས་པའི་བུ་བཅོལ་ཁང་བཅས་གཉེར་ནས་དྲིལ་བསྒྲགས་སློབ་གསོའི་ཕན་འབྲས་རང་བཞིན་ཆེ་རུ་བཏང་བ་མ་ཟད། གྲོང་ཚོ་དང་སྡེ་ཁུལ་དུ་གཟབ་བསྐྱོད་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་སློབ་གསོ་ཏན་ཏིག་བརྒྱབ་སྟེ། མང་ཚོགས་ལ་ཕན་པ་གང་ནས་ཡོང་བ་དང་ཕན་པ་གང་དུ་ཡོད་པ་ཤེས་སུ་བཅུག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག