མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར70བཏང་སྟེ་དམངས་འཚོ་ལེགས་བཅོས་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ།  2014-01-28 10:37

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། “ཉེ་བའི་ལོ་འགའི་རིང་ལ་བོད་རང་སྐྱོང་ལྗོངས་ཀྱིས་དམངས་འཚོའི་ཐད་ཀྱི་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་འགན་སྲུང་དང་། སློབ་གསོ་སོགས་ཕྱོགས་དྲུག་ནས་ལོ་རེར་མི་རིགས་སོ་སོའི་མང་ཚོགས་ལ་དོན་དངོས་བཅུ་སྒྲུབ་བཞིན་ཡོད་དེ། ན་ནིང་མ་དངུལ་སྒོར་དུང་ཕྱུར53བཏང་བ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར70གཏོང་རྒྱུ་རེད། ”ཉེ་སྔོན་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱ་མཚོས་བོད་ལྗོངས་ཀྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བའི་ཚོགས་འདུ་ཐེངས་གཉིས་པའི་སྟེང་སྙན་ཞུ་འབུལ་སྐབས་དེ་ལྟར་བཤད། ད་ལོར། བོད་ལྗོངས་ཀྱིས་སློབ་གསོའི་ཐོན་ཁུངས་ཕུལ་བྱུང་རོང་འབྲོག་ཁུལ་དང་། ཐག་རིང་མཐའ་མཚམས་ས་ཁུལ་དུ་ཁ་ཕྱོགས་པའི་ལམ་ལུགས་འཛུགས་རྒྱུ་ཡིན་ལ། རྒྱུས་ལོན་ལྟར་ན། མིག་སྔར་རོང་འབྲོག་པའི་བུ་ཕྲུག་མཐོ་རྒྱུགས་ལ་ཞུགས་ཏེ་སློབ་ཆེན་དུ་སློབ་མ་བསྡུ་ཚད60%རུ་འཕར་ཡོད་དེ། ལྗོངས་ཡོངས་ཀྱི་ངལ་རྩོལ་མི་སྣ་མི་རེའི་སློབ་གསོ་མྱོང་ཐུབ་པའི་དུས་ཡུན་ལོ8.4ལ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག