མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་རྫོང་རིམ་པའི་བོད་སྨན་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-28 10:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ3རིང་ལ། བོད་ལྗོངས་ཀྱིས་རིམ་བཞིན་རྫོང་རིམ་པའི་བོད་སྨན་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། ས་ཁུལ(གྲོང་ཁྱེར)དང་། རྫོང་། གྲོང་ཚོ་བཅས་སུ་བོད་སྨན་སྨན་བཅོས་ཞབས་ཞུ་དྲ་ཚིགས་བཙུགས་ཡོད་ལ། ད་ལྟ། བོད་ལྗོངས་ཡོངས་ཀྱི་རྫོང74ཁྲོད་རྫོང21ལ་བོད་སྨན་ཁང་བཙུགས་ཡོད་དེ། ལྷག་མའི་རྫོང་ཡོད་ཚད་ལ་བོད་སྨན་སྡེ་ཁག་དང་བོད་སྨན་ཚན་ཁག་བཙུགས་ཡོད།

བོད་ལྗོངས་འཕྲོད་བསྟེན་ཐིན་གྱི་གཞི་གྲངས་གསར་བ་ལྟར་ན། ལྗོངས་ཡོངས་ཀྱི75%ཡན་གྱི་གྲོང་རྡལ་འཕྲོད་བསྟེན་ཁང་གིས་བོད་ལུགས་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་ཐུབ་པ་དང་། 2009ལོ་དང་བསྡུར་ན25%འཕར། དེ་མིན་དམངས་ཁྲོད་དུ་བོད་ཀྱི་སྨན་པ300ལྷག་གིས་སྨན་བཅོས་བྱེད་བཞིན་ཡོད།

བོད་ལྗོངས་འཕྲོད་བསྟེན་ཐིན་གྱི་ཐིན་ཀྲང་གཞོན་པ་ཡའུ་ཧྥེ་ཡིས་བཤད་རྒྱུར། 2010ལོར། བོད་ལུགས་སྨན་བཅོས་རྒྱུད་འཛིན་དང་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས《བོད་ལུགས་སྨན་བཅོས་བྱ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་པའི་འབྲེལ་ཡོད་བསམ་འཆར》ཞེས་པ་ཕྱིར་བཏོན་པ་དང་། 2013ལོར། བོད་ལྗོངས་ཀྱིས་མུ་མཐུད་དུ་བོད་ལུགས་སྨན་བཅོས་ལག་རྩལ་འོས་འཚམ་གྱི་ཁྱབ་གདལ་བྱ་བར་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་དུ་བོད་ལུགས་སྨན་བཅོས་ལག་རྩལ་འོས་འཚམ་ལེགས་འདེམས་དང་ཁྱབ་གདལ་བཏང་བ་མ་ཟད། 《བོད་རང་སྐྱོང་ལྗོངས་གཞི་རིམ་གྱི་རྒྱུན་མཐོང་ནད་དང་འབྱུང་སླ་བའི་ནད་ཀྱི་བོད་ལུགས་སྨན་བཅོས་ལག་རྩལ་འོས་འཚམ》གཏན་ལ་ཕབ་ཏེ་ལག་བསྟར་བྱས། དེ་མིན་ཆེད་མཁས་པ་རྩ་འཛུགས་བྱས་ཏེ《རོང་འབྲོག་ཁུལ་གྱི་བོད་ལུགས་སྨན་བཅོས་ལག་རྩལ་འོས་འཚམ་ཁྱབ་གདལ་ཉེར་མཁོའི་ལག་དེབ》ཅེས་པ་འགྲེམ་གཏོང་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག