མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སློབ་ཆེན་གྱིས་ད་ལོ་ནས་བཟུང་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-01-25 11:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྐབས་ཐོག་མའི་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་རྒྱུ་ཡིན་ཞིང་། བོད་ལྗོངས་ཀྱི་མཐོ་རིམ་སློབ་གསོའི་ལོ་རྒྱུས་སྟེང་འབུམ་རམས་པའི་ཞིབ་འཇུག་སློབ་མ་མེད་པའི་སྟོང་ཆ་སྐོང་རྒྱུ་རེད།

2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོན་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་གྱིས་ མི་རིགས་རིག་པ་དང་། ཀྲུང་གོའི་སྐད་བརྡ་དང་རྩོམ་རིག སྐྱེ་ཁམས་རིག་པ་བཅས་རིམ་པ་དང་པོའི་རིག་ཚན་གསུམ་གྱི་འབུམ་རམས་པའི་ཡོན་གནས་འཛུགས་ཆོག་པའི་ཆོག་མཆན་གནང་བ་རེད། འབུམ་རམས་པའི་ཡོན་གནས་བཙུགས་རྗེས། བོད་ལྗོངས་སློབ་ཆེན་དུ་ཤེས་རམས་པ་དང་། རབ་འབྱམས་པ། འབུམ་རབས་པ་བཅས་རིམ་པ་ཆ་ཚང་བའི་མཐོ་རིམ་སློབ་གསོའི་འཇོན་མི་སྐྱེད་སྲིང་བྱེད་པའི་མ་ལག་ཆ་ཚང་གྲུབ་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག