མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམངས་ཕན་བྱེད་ཐབས་གསར་བ11བཏོན་ཏེ་དམངས་འཚོའི་ཁ་གསབ་ཚད་གཞི་སོ་སོ་ཇེ་མཐོར་བཏང་བ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-24 11:12

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། དམངས་འཚོའི“དོན་དངོས་བཅུ”ལེགས་པོར་བསྒྲུབ་ཆེད། ཟླ1པོའི་ཚེས19ཉིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས2014ལོའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་སྟེང་ཐག་བཅད་པ་ལྟར་ན། 2013ལོར་དམངས་འཚོའི་ཁ་གསབ་སྲིད་ཇུས18ལག་བསྟར་བྱས་པའི་རྨང་གཞི་སྟེང་། གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ་སོགས་དམངས་འཚོའི་བྱེད་ཐབས་གསར་བ11ལག་བསྟར་བྱ་རྒྱུ་རེད།

ཐེངས་འདིར་བཏོན་པའི་བོད་ལྗོངས་ཀྱིས་དམངས་ཕན་བྱེད་ཐབས་གསར་བ11ཁྲོད།

དང་པོ། གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་གྱི་འགན་སྲུང་ཚད་གཞི་ཇེ་མཐོར་གཏོང་བ།

གཉིས་བ། རོང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ།

གསུམ་པ། ཞིང་སྡེའི་གསར་བའི་སྤྱི་ཚོགས་རྒན་གསོ་དངུལ་གྱི་ནོར་སྲིད་ཚད་གཞི་ཇེ་མཐོར་གཏོང་བ།

བཞི་བ། གྲོང་རྡལ་སྡོད་དམངས་ཀྱི་རྩ་བའི་སྨན་བཅོས་འགན་སྲུང་ཀྱི་ནོར་སྲིད་ཁ་གསབ་ཇེ་མཐོར་གཏོང་བ།

ལྔ་བ། ཞིང་སྡེའི་སྨན་པའི་གླ་ཕོགས་ཇེ་མཐོར་གཏོང་བ།

དྲུག་པ། སྡེ་བའི་སྲོག་ཆགས་རིམས་འགོག་སྨན་པའི་གླ་ཕོགས་ཚད་གཞི་ཇེ་མཐོར་གཏོང་བ།

བདུན་པ། སློབ་སྔོན་སློབ་གསོའི་ཁ་གསབ་དང་། འོས་འགན་སློབ་གསོ་ནས་མཐོ་འབྲིང་བར་གྱི་རོང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མའི་སློབ་རོགས་དངུལ་ཇེ་མཐོར་གཏོང་བ།

བརྒྱད་པ། ཞིང་སྡེའི་ལས་བྱེད་པའི་གཞི་རྩའི་གླ་ཕོགས་དང་གྲུབ་འབྲས་དཔྱད་ཞིབ་ཚད་གཞི་ཇེ་མཐོར་གཏོང་བ།

དགུ་བ། ཏང་ཡོན་རྒན་པ་དང་། ལས་བྱེད་པ་རྒན་པ། ངལ་རྩོལ་དཔེ་ལེགས་ཅན་བཅས་ཀྱི་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ།

བཅུ་བ། ཞིང་སྡེའི་འགན་སྲུང་ལྔ་ཐོབ་པའི་ཁྱིམ་ཚང་གི་གསོ་སྐྱོང་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བ།

བཅུ་གཅིག ལྗོངས་ཡོངས་ཀྱི་གྲོང་རྡལ་ལས་ཁུངས་ལས་དོན་སྡེ་ཁག་གི་ལས་བྱེད་མི་སྣའི་འཚོ་བའི་ཁ་གསབ་རྩིས་སྤྲོད་བྱེད་པ་བཅས་འདུས།

གོང་གི་དམངས་འཚོའི་བྱེད་ཐབས་གསར་བ11ཁྲོད། སློབ་གསོའི“འགན་ལེན་གསུམ”གྱི་བྱེད་ཐབས་དེ་ད་ལོའི་སྟོན་དུས་ལག་བསྟར་བྱ་རྒྱུ་ཡིན་པ་ལས་གཞན་གྱི་བྱེད་ཐབས10ད་ལོའི་ཟླ1པོའི་ཚེས1ཉིན་བཟུང་ལག་བསྟར་བྱ་རྒྱུ་རེད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག