མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོར་ཉིང་ཁྲི་ས་ཁུལ་གྱི་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར83.6ལ་སླེབས་པ།

  ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།  2014-01-23 10:41

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱིས་ལྗོངས་ཡོངས་ནས་ཐོག་མར་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམིགས་ཏེ། བརྟན་རླིང་རྒྱུན་འཁྱོངས་དང་། འཕར་སྣོན་ལ་སྐུལ་འདེད། ཟོག་གོང་ལ་ཚོད་འཛིན། བཅོས་བསྒྱུར་ལ་སྐུལ་སྤེལ། སྒོ་འབྱེད་རྒྱ་བསྐྱེད་པ། དམངས་འཚོར་ཕན་ཐོགས་པ་བཅས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་ལ་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་།

2013ལོར་ཉིང་ཁྲི་ས་ཁུལ་གྱི་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར83.6ལ་སླེབས་ཤིང་། དུས་མཉམ་ལས14.5%འཕར། ས་ཁུལ་གྱི་སྤྱིའི་ནོར་སྲིད་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར6.67མངོན་འགྱུར་བྱས་ཤིང་དུས་མཉམ་ལས17.7%འཕར། གཏན་འཇགས་རྒྱུ་ནོར་གྱིས་དངུལ་གཏོང་ཐོག་དང་པོར་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཞིང་དུས་མཉམ་ལས32.9%འཕར། རོང་འབྲོག་པའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་ཚོད་རྩིས་ལྟར་ན་སྒོར8630སླེབས་ཤིང་། དུས་མཉམ་ལས15.1%འཕར། ས་ཁུལ་ཡོངས་སུ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་ཁྲི་ལ་སླེབས་པའི་གྲོང་ཚོ142ཡོད་པ་དང་། སྲིད་འཛིན་གྲོང་ཚོ་སྤྱིའི29%ཟིན།

རྒྱུས་ལོན་ལྟར་ན། 2013ལོར་ཉིང་ཁྲི་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད་དེ། ས་ཁུལ་ཡོངས་ཀྱི“226”ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར77.6དངོས་འབེབས་བྱས་ཤིང་། ལོ་ཧྲིལ་བོར་རྒྱལ་ཁབ་ཀྱི་དངུལ་གཏོང58.5ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས54.8%འཕར། སྤྱི་ཚོགས་དངུལ་གཏོང་སྒོར་དུང་ཕྱུར37.45ལེགས་འགྲུབ་བྱུང་ཞིང་དུས་མཉམ་ལས33%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག