མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ལས་འཁྱུར་ངལ་གསོ་མི་སྣར་འཚོ་བའི་ཁ་གསབ་རོགས་དངུལ་རྩིས་སྤྲོད་བྱས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-01-23 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་ལྷ་ས་གྲོང་ཁྱེར་གྱིས2013ལོའི་ལས་འཁྱུར་ངལ་གསོ་མི་སྣར་ལུས་པོར་ཞིབ་བཤེར་གྲོན་དངུལ་དང2014ལོའི“དུས་ཆེན་གསུམ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་རྩིས་སྤྲོད་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་།

2014ལོའི་དུས་ཆེན་གསུམ་གྱི་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་རོགས་དངུལ་དང2013ལོའི་ལུས་པོར་ཞིབ་བཤེར་གྲོན་དངུལ་གཙོ་བོ་ལྷ་ས་གྲོང་ཁྱེར་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣར་སྟེར་བཞིན་ཡོད་དེ། དུས་ཆེན་གསུམ་གྱི་སྟེར་ཐེངས་གཅིག་འཚོ་བའི་ཁ་གསབ་རོགས་དངུལ་དོན་དངོས་སུ་མི3783ལ་ཕྱིན་པ་དང་། མི་རེའི་སྒོར900རེ་ཕྱིན། ལུས་པོར་ཞིབ་བཤེར་གྲོན་དངུལ་མི3783ལ་ཕྱིན་པ་དང་བསྡོམས་པས་སྒོར་ཁྲི102.16རྩིས་སྤྲོད་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག