མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2014ལོར་བོད་ལྗོངས་ཀྱིས་རྫོང8ལ་གནམ་གཤིས་ཅུའུ་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-23 10:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་ཝང་ཕུན་ཞང་གིས་བོད་ལྗོངས་གནམ་གཤིས་ཅུའུ་ཀྲང་ཚོགས་འདུ་སྟེང་ནས་བསྟན་དོན། ད་ལོར་བོད་ལྗོངས་ཀྱིས་མེ་ཏོག་རྫོང་དང་། རྩ་མདའ་རྫོང་། རུ་ཐོག་རྫོང་སོགས་རྫོང8དུ་རྫོང་རིམ་པའི་གནམ་གཤིས་བརྟག་དཔྱད་ཅུའུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཏེ། བོད་ལྗོངས་སུ་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་ཡོངས་སུ་ཁྱབ་པ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད།

ཝང་ཕུན་ཞང་གིས་ངོ་སྤྲོད་ལྟར་ན། 2013ལོར་ལྗོངས་ཡོངས་ཀྱི་གནམ་གཤིས་གནོད་འགོག་མ་ལག་ཕལ་ཆེར་བཙུགས་ཡོད་དེ། རང་སྐྱོང་ལྗོངས་དང་། ས་ཁུལ་། རྫོང་། ཤང་། སྡེ་བ་བཅས་རིམ་པ་ལྔའི་གནས་གཤིས་གནོད་འགོག་མ་ལག་གྲུབ་ཡོད་པས། གནམ་གཤིས་སྔོན་བརྡའི་ཞབས་ཞུ་ཕན་ནུས་མངོན་གསལ་ཡིན་ལ། ད་ལོར་བོད་ལྗོངས་ཀྱིས་མེ་ཏོག་རྫོང་དང་། ལྷོ་བྲག་རྫོང་། ལྷན་གྲུབ་རྫོང་། སྐྱིད་གྲོང་རྫོང་། གཏིང་སྐྱེས་རྫོང་། རྩ་མདའ་རྫོང་། རུ་ཐོག་རྫོང་བཅས་རྫོང8ལ་གནམ་གཤིས་བརྟག་དཔྱད་ཅུའུ་ཡོངས་སུ་སྐྲུན་འགོ་རྩོམ་རྒྱུ་ཡིན་ཏེ་བོད་ལྗོངས་སུ་རྫོང་རིམ་པའི་གནམ་གཤིས་ལས་ཁུངས་ཡོངས་སུ་ཁྱབ་པ་རིམ་བཞིན་མངོན་འགྱུར་བྱ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག