མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-01-22 11:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་འཕྲོད་བསྟེན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ན་ནིང་ལོ་མཇུག་བར། མངས་རིས་ས་ཁུལ་གྱིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། འཕྲོད་བསྟེན་ཞབས་ཞུ་ལས་རིགས་ཀྱི་རུ་ཁག་གི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ། འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་ཐབས་ལ་བརྟེན་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ནུས་བ་ཇེ་མཐོར་བཏངམ་པ།

རྒྱུས་ལོན་ལྟར་ན། 2013ལོའི་རིང་ལ། མངའ་རིས་ས་ཁུལ་གྱིས《གྲོང་རྡལ་གྱི་སྨན་བཅོས་རོགས་སྐྱོར་གནས་སྐབས་ཀྱི་བྱེད་ཐབས》ཅེས་པ་ཞིབ་འཇུག་གཏན་འབེབས་བྱས། དེ་ལས་གྲོང་རྡལ་གྱི་ཉམ་ཆུང་ཚོགས་ཁྱི་ཕྱི་རོལ་དུ་ནད་ལྟ་རུ་འགྲོ་བར་ལམ་རིན་ཁ་གསབ་བྱ་རྒྱུ་ཡིན་པ་དང་ནད་པའི་སྨན་ཡོན་སྐོར་ཞིག་འོས་མཚམས་ངང་ཐག་གཅོད་བྱ་རྒྱུ་ཡིན་ལ། རོང་འབྲོག་པའི་སྨན་ཡོན་མཐོ་བའི་སྨན་བཅོས་འགན་སྲུང་རྩིས་ཞུ་བྱེད་པའི་ཚད་གཞི་ཇེ་མཐོར་གཏོང་རྒྱུ་ཡིན་པ། གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་རོང་འབྲོག་པའི་ཞིང་སྡེའི་མཉམ་ལམ་སྨན་བཅོས་ལམ་ལུགས་ལྟར་མངོན་འགྱུར་བྱ་རྒྱུ་ཡིན་པ་སོགས་འགན་སྲུང་མང་པོ་འདུས། 

དེ་མིན། 2013ལོར་མངའ་རིས་ས་ཁུལ་གྱིས་ལྗོངས་ཕྱི་རོལ་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ72བརྒྱུད་སྤྲོད་བྱས་ཏེ་སྐྱོབ་རོགས་བྱས་ཤིང་། ལོང་ཏོག་ནད་པ179གཤགས་བཅོས་བྱས་ཏེ་སླར་ཡང་མཐོང་ཐུབ་པ་བྱུང་ངོ་།  །

 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག