མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱི་གྲོང་རྡལ28བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་རྡལ་སྐོར་དང་པོར་གྱུར་བ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-01-21 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉིང་ཁྲི་ས་ཁུལ་གྱི་གནས་ལུང་ཤང་དང་གནས་ཡུལ་ལྷོ་པ་མི་རིགས་ཤང་སོགས་གྲོང་རྡལ28ལ་རང་སྐྱོང་ལྗོངས་ཕྱི་ནང་གི་ཆེད་མཁས་པ་ཚོགས་པས་ཞིབ་དཔྱད་དང་བསྐྱར་ཞིབ་བརྒྱུད་དེ། “བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་རྡལ”སྐོར་དང་པོར་གྱུར།

མིག་སྔའི་བར། ལྷ་ས་གྲོང་ཁྱེར་དང་། ཉིང་ཁྲི། ལྷོ་ཁ། གཞིས་རྩེ། མངའ་རིས་བཅས་ས་ཁུལ་ནས། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་འཛུགས་པའི་བྱ་བ་སྤེལ་བཞིན་ཡོད་ཅིང་། བསྡོམས་པས་ཆ་རྐྱེན་དང་མཐུན་པའི་སྲིད་འཛིན་གྲོང་ཚོ356ལ“བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ”ཡི་མཚན་སྙན་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག