མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་སློབ་ཆེན་དུ་སློབ་གླིང3གསར་དུ་འཛུགས་པའི་རེ་བ་ཡོད།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-21 10:56

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པའི་རྒྱུས་ལོན་ལྟར་ན། 2014ལོར་བོད་ལྗོངས་སློབ་ཆེན་གྱིས་སྔར་ལས་ལྷག་པར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། སློབ་གཉེར་ཆ་རྐྱེན་འཐུས་ཚང་དུ་བཏང་སྟེ།བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་སློབ་གླིང་དང་། ཆ་འཕྲིན་དང་ཚན་རིག་ལག་རྩལ་སློབ་གླིང་། རྒྱལ་སྤྱིའི་རི་འཛེག་གནས་སྐོར་སློབ་གླིང་བཅས་སློབ་གླིང3གསར་དུ་འཛུགས་པའི་རེ་བ་ཡོད།

བོད་ལྗོངས་སློབ་ཆེན་གྱི་སློབ་གཙོ་ཕུར་བུ་ཚེ་རིང་གི་ངོ་སྤྲོད་ལྟར་ན། ན་ནིང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གནས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་སློབ་ཆེན་ལ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་དུ་དངོས་སུ་གཏན་འཁེལ་བྱས་ཤིང་། བོད་ལྗོངས་སློབ་ཆེན་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་སྡེ་ཚན་དུ་མངོན་འགྱུར་བྱས་ཏེ། དངོས་གཞི་སློབ་མ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་སློབ་གནས་སྤྲོད་པའི་མཐོ་རིམ་སློབ་གསོའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཡུལ་འཐུས་ཚང་དུ་གྱུར་ཡོད།

ད་ལོར་སློབ་གྲྭས་རྨང་གཞིའི་སློབ་ཚན་དང་ཁྱད་ཆོས་ལྡན་པའི་སློབ་ཚན་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་སྟེ། གསར་དུ་བཛུགས་པའི་རབ་འབྱམས་པ་དང་འབུམ་རམས་པའི་གསོ་སྐྱོང་ལས་དོན་ལེགས་པོར་སྤེལ་བའི་རྨང་གཞི་སྟེང་སློབ་གནས་ཀྱི་ཁྱབ་ཚད་རྒྱ་ཆེར་བཏང་བ་དང་། བཟོ་སྐྲུན་ཉེར་སྤྱོད་ལག་རྩལ་སློབ་གླིང་དང་། ཆ་འཕྲིན་དང་ཚན་རིག་ལག་རྩལ་སློབ་གླིང་། རྒྱལ་སྤྱིའི་རི་འཛེག་གནས་སྐོར་སློབ་གླིང་གསར་དུ་བཙུགས་ཏེ་སྐབས་དང་པོའི་འབུམ་རམས་པའི་སློབ་བསྡུ་དང་གསོ་སྐྱོང་ལས་དོན་ཡག་པོ་སྤེལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག