མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར20འགྲེམ་གཏོང་བྱས།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-20 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་ཕྱུགས་ཐིན་ཕྱུགས་ལས་རྩྭ་ཐང་དང་ཆུ་ཐོན་དངོས་རྫས་ཁྲུའུ་ཡི་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། “2012ལོར་རྒྱལ་ཁབ་ནོར་སྲིད་པུའུ་ཡིས་བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་དང་གཟེངས་བསྟོད་བྱེད་པའི་རོགས་དངུལ་སྒོར་ཁྲི200981འགྲེམ་གཏོང་བྱས་ཤིང་། 2013ལོར་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར20དངོས་སུ་ལག་ཏུ་འབྱོར་ཡོད་ཟེར།

གསར་འགོད་པས་རྒྱུས་ལོན་ལྟར་ན། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་དང་གཟེངས་བསྟོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་། བོད་ལྗོངས་ཀྱི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་བྱ་བར་ཕན་འབྲས་ཐོབ་པ་མངོན་གསལ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་དང་གཟེངས་བསྟོད་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། རོང་འབྲོག་པའི་ཐོན་སྐྱེད་ཐབས་ལམ་རིམ་བཞིན་འགྱུར་ལྡོག་བྱུང་ལ། ཡོང་སྒོའང་ཇེ་མང་དུ་འགྲོ་བཞིན་ཡོད་པས། 2012ལོར་ལྗོངས་ཡོངས་ཀྱི་རོང་འབྲོག་པས་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་རྐྱང་སྒོར5719ལ་སླེབས་ཤིང་། 2010ལོ་དང་བསྡུར་ན38.17%འཕར་ཡོད་དེ། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་དང་གཟེངས་བསྟོད་བྱེད་པའི་ལམ་ལུགས་ལས་ནུས་བ་ཆེན་པོ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག