མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

2013ལོར་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་གོང་འཕེལ་ཆེན་པོ་བྱུང་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-01-17 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ཧྲིལ་པོར་སློབ་གསོའི་འགྲོ་གྲོན་སྒོར་དུང་ཕྱུར108བཏང་བ་དང་། བོད་ལྗོངས་ཡོངས་ཀྱི་ངལ་རྩོལ་མི་འབོར་གྱི་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་དེ་ལོ8.4ཟིན་གྱི་ཡོད་པ་དང་། རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་སོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད72.23%ཟིན་གྱི་ཡོད་པ་རེད།

འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ3དང་། བུ་བཅོལ་ཁང209། ཉི་ནུས་ཀྱི་གཟུགས་འཁྲུ་ཁང63བཅས་གསར་རྒྱག་བྱས་ཡོད་པ་མ་ཟད། “འགན་ལེན་གསུམ”གྱི་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར2700བར་མཐོ་རུ་བཏང་ཡོད་ལ་སྦྱང་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། སློབ་ཞུགས་རོགས་དངུལ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་ཡང་བྱས་ཡོད་པ་རེད། ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭ་ཆེན་མོར་རྒྱུགས་ལེན་སློབ་བསྡུའི་བསྡུར་ཚད60%འཕར་ཡོད་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དེ་འབུམ་རམས་པའི་སློབ་གནས་སྤྲོད་དབང་ཡོད་པས་ཚན་པར་གཏན་འཁེལ་བྱུང་བས་བོད་ལྗོངས་ཀྱི་མཐོ་རིམ་སློབ་གཉེར་བྱེད་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག