མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱི་འདེབས་ལས་ལེགས་བཅོས་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་མཐུན་རྐྱེན་བཟང་པོ་སྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-01-17 10:45

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2013ལོའི་ཟླ་བ10པར་མེ་ཏོག་རྫོང་གི་གཞུང་ལམ་ཤར་གཏོང་ཐུབ་པས་མེ་ཏོག་རྫོང་གིས་དྲོད་ཁང་སྐྲུན་ནས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་མང་ཚོགས་ཚོའི་དངུལ་སྨར་ཡོང་འབབ་འཕར་སྣོན་ཡོང་བའི་ཚ་རླབས་འཕྱུར་བཞིན་ཡོད་པ་རེད།

ཉེ་བའི་ལོའི་ནང་ཉིང་ཁྲི་ས་ཁུལ་གྱིས་སྡོང་ཕུང་དང་། ཀོ་ཤ་སོགས་བོད་སྨན་རྒྱུ་ཆ་འདེབས་འཛུགས་ཤུགས་ཆེ་བྱས་པས་འདེབས་འཛུགས་ཀྱི་སྒྲིག་གཞི་ལེགས་བཅོས་ཐུབ་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཕན་པ་བཟང་པོ་སྐྲུན་ཡོད་པ་རེད།

ཉེ་བའི་ལོའི་ནང་ཀོང་པོ་རྒྱ་མདའ་རྫོང་གིས་བོད་ཕག་གསོ་ཚགས་ལས་དོན་དེ་ཐོན་ལས་གལ་ཆེའི་ཞིག་ཏུ་རྩིས་ནས་གསོ་སྤེལ་བྱས་ཡོད་པས་ད་ཆ་རྫོང་ཡོངས་སུ་ཆེད་ལས་ཀྱི་བོད་ཕག་གསོ་ཚགས་དུད་ཁྱིམ850ཡོད་པ་དང་། གསོ་ཚོགས་ཀྱི་དུད་ཁྱིམ་ཆེ་བ321གསོ་ཚོགས་ཀྱི་གཞི་ཁྱོན་ལ་བོད་ཕག་ཁྲི10.3ཙམ་ཡོད་པ་དང་བོད་ཕག་གསོ་ཚགས་ཀྱི་ཡོང་འབབ་སྒོར་ཁྲི6900ལྷག་ཟིན་ནས་ལོ་རེར་དུད་ཁྱིམ་རེར་ཆ་སྙོམས་ཡོང་འབབ་སྒོར6500ཙམ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག