མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་བདེ་སྡོད་ལས་གྲྭས་ཞིང་འབྲོག་མང་ཚོགས་རྣམས་ལ་ཕན་པ་བཟང་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-01-17 10:44

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ206ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་དེ་སྤྱི་ལོ2013ལོའི་ལོ་མཇུག་ཏུ་མཇུག་སྒྲིལ་བ་དང་། ད་ཆ་ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ230ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱུང་ཡོད་པ་རེད།

རང་སྐྱོང་ལྗོངས་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་བརྟན་གྱིས་གསར་འགོད་པར། སྤྱི་ལོ2013ལོའི་ལོ་མཇུག་བར་མ་དངུལ་སྒོར་དུང་ཕྱུར278བཏང་ནས། རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་ཚོ46ཙམ་གྱི་བདེ་སྡོད་ཁང་པ་ལེགས་སྒྲུབ་བྱས་པས། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན20%ནས30%བར་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བདེ་སྡོད་ལས་གཞི་འཛུགས་སྐྲུན་བྱེད་རིང་ཞིང་འབྲོག་མང་ཚོགས་ཚོ་ཁང་པ་གསར་པའི་ནང་སྡོད་པའི་འདུན་པ་འགྲུབ་ཐུབ་པ་བྱུང་བ་མ་ཟད། ས་ཆ་དེ་གའི་ཡོང་འབབ་འཕར་སྣོན་ཡོང་བའི་ཐབས་ལམ་དང་བསམ་ཕྱོགས་ཡང་གཏོད་ཐུབ་པ་བྱུང་ཡོད་པ་རེད།བདེ་སྡོད་ལས་གཞི་འཛུགས་སྐྲུན་བྱེད་རིང་ཞིང་འབྲོག་མང་ཚོགས་ཁག་ཅིག་གིས་བྱེ་རྡོའི་བཟོ་གྲྭ་དང་སོ་ཕག་བཟོ་གྲྭ། རྡོ་ཐལ་བཟོ་གྲྭ་སོགས་བཙུགས་པ་དང་ཆབ་གཅིག་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་དང་སྐྱེལ་འདྲེན་རུ་ཁག ཤིང་བཟོ་རུ་ཁག་བཅས་བཙུགས་ནས་ཧུར་བརྩོན་ཆེན་པོས་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ནང་ཞུགས་པས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ཡོང་འབབ་འཕར་སྣོན་གྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད་པ་རེད། རང་ལྗོངས་སུ་ས་ཡོམ་གནོད་འཚེ་ཐོན་མང་བ་དང་ཞིང་འབྲོག་ཁུལ་གྱི་སྡོད་ཁང་གི་ཡོམ་འགོག་ནུས་པ་ཞན་པ་སོགས་དོན་དངོས་གནས་ཚུལ་ལ་གཞིགས་ནས། མ་དངུལ་སྒོར་དུང་ཕྱུར ༢༠ བཏང་ནས་ལྗོངས་ཡོངས་ཀྱི་ཞིང་པའི་ཁང་པའི་ཡོམ་འགོག་ནུས་པ་ཆེ་རུ་བཏང་ཡོད་པ་རེད།

ད་ལོ་རང་ལྗོངས་ཀྱིས་སྤྱི་ལོ2011ལོ་ནས2015ལོའི་བར་གྱི་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀའི་ལག་བསྟར་ཇུས་གཞིར་གཞིགས་ནས། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ1000ལ་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག