མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་བོད་ལྗོངས་ཀྱི་སྤྱི་ཚོགས་གོང་འཕེལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-29 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་བོད་ལྗོངས་མཁའ་ལམ་ཚོགས་པ་ཀུང་སིར་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ཁག་དང་པོའི་བོད་ལྗོངས་མཁའ་ལམ་ཚོགས་པར་རོགས་སྐྱོར་བྱེད་པའི་དོ་དམ་མི་སྣར་དགའ་བསུ་ཞུས་པ་རེད། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཡན་ཀྲེ་ཡུང་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཅང་ཇེའི་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུངས་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་མཁའ་ལམ་ཚོགས་པས་བོད་སྐྱོར་ལས་བྱེད་པར་དེ་བས་ལེགས་པའི་ལས་ཀའི་ཁོར་ཡུག་དང་ཆ་རྐྱེན་སྐྲུན་ཏེ། ཁོང་ཚོས་རང་ནུས་འདོན་སྤེལ་བྱེད་རྒྱུར་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པས་སྔར་ལས་ལྷག་པའི་སྒོ་ནས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་དེ་བས་ལེགས་པ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་སྲིད་གཞུང་དང་རང་སྐྱོང་ལྗོངས་རྒྱལ་ཁབ་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་དང་། ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པའི་ཁག་དང་པོའི་བོད་ལྗོངས་མཁའ་ལམ་ཚོགས་པར་རོགས་སྐྱོར་བྱེད་པའི་དོ་དམ་པ5ཉེ་འཆར་བོད་དུ་འབྱོར་ནས་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག