མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་སྙན་རོང་རྫོང་གི་མང་ཚོགས་རྣམས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-29 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་བཅུའི་གོང་གི་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཕ་གཡུ་གྲོང་ཚོ་ནི། རྒྱལ་ཁབ་ཀྱི་དབུལ་སྐྱོར་མ་དངུལ་ལ་བརྟེན་པའི་དབུལ་ཕོངས་གྲོང་ཚོ་ཞིག་ཡིན་པ་དང༌། ལོ་བཅུའི་རྗེས་ཕ་གཡུ་གྲོང་ཚོ་དེ་ནག་ཆུའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་གསར་པ་ཐོག་མ་དེར་གྱུར་ཞིང་། དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད། སྙན་རོང་རྫོང་ཕ་གཡུ་གྲོང་ཚོར་མཛེས་སྡུག་ལྡན་ལ་གྲལ་བསྟར་སྒྲིག་པའི་སྡོད་ཁང་དང་གཙང་སྦྲ་དོད་པའི་ཨར་འདམ་ལམ། རྒྱ་ཆེ་བའི་རིག་གནས་བྱེད་སྒོ་ཐང་ཆེན། ཉི་ནུས་ལམ་སྒྲོན་གསར་རྐྱང་བཅས་ཡོད་པ་དང༌། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དེ་དག་གི་ཐོག་ནས་མི་རྣམས་ལ་ཕ་གཡུ་གྲོང་ཚོའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་གྱི་ཡོད་པ་རེད། གྲོང་མི་དབང་རྒྱལ་གྱིས་གསར་འགོད་པར་དེ་སྔོན་ང་ཚོ་སྡོད་ས་ནི་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ28ཡོད་པའི་དབུལ་སྐྱོར་ཁང་པ་ཡིན་པ་དང༌། འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་ཟིན་རྗེས་ངས་སྒོར30000ཙམ་ལས་མ་བཏང་བར་རྒྱལ་ཁབ་ནས་མ་དངུལ་སྒོར་ཁྲི་ཚོ38བཏང་ནས་སྐྲུན་པའི་སྒྲིག་ཆས་ཆ་ཚང་ཡོད་པའི་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ116ཡི་བདེ་སྡོད་ཁང་གསར་ནང་སྡོད་རྒྱུ་བྱུང་ཞེས་བཤད་པ་རེད། ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་ནས་ཁང་པའི་སེམས་ནད་སེལ་བས། གྲོང་མི་ཚོས་སེམས་ནུས་ཡོད་ཚད་ཕྱུག་པོ་ཇི་ལྟར་ཆགས་རྒྱུའི་ཐད་བཞག་སྟེ་ཕ་གཡུ་གྲོང་ཚོའི་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་བཙུགས་པ་རེད། གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་ཉི་ཤུའི་གྲོང་མིས་ངལ་ནུས་དང༌རྩྭ་ར། ཕྱུགས་ཟོག་བཅས་མ་རྐང་ནང་ཞུགས་པའི་རྣམ་པའི་ཐོག་ནས། ཚང་མ་མཉམ་ལས་རྩ་འཛུགས་ནང་ཞུགས་ཏེ་མར་དང་ཞོ་སོགས་འོ་མའི་ཐོན་རྫས་ལས་སྣོན་བྱས་ནས་དངུལ་སྨར་ཡོང་འབབ་འཕར་སྣོན་བྱུང་བ་རེད། ཕ་གཡུ་གྲོང་ཚོའི་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་ཁང་གི་ཅིང་ལི་ཚེ་རིང་དགེ་གྲུབ་ཀྱིས། ང་ཚོའི་མཉམ་ལས་ཁང་གི་འོ་མའི་ཐོན་རྫས་ཕྱིར་ཚོང་བྱེད་གནས་ཤིག་གིས་སྔ་དྲོའི་ཆུ་ཚོད་བརྒྱད་པ་ནས་བཅུ་གཉིས་བར་གྱི་དུས་ཐུང་ཆུ་ཚོད་བཞིའི་ནང་འདི་གར་ཉིན་གཅིག་གོང་གི་དགོང་མོ་ཐོན་སྐྱེད་བྱས་པའི་འོ་མའི་ཐོན་རྫས་ཚང་མ་བཙོངས་ཟིན་གྱི་རེད་ཅེས་ངོ་སྤྲོད་གནང་བ་རེད།

ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཕ་གཡུ་གྲོང་ཚོའི་དུད་ཚང་ཉི་ཤུའི་མང་ཚོགས་རྣམས་བཀོད་པ་ལེགས་ཤིང་སྐྱིད་སྣང་དོད་པའི་ཁང་པ་གསར་པའི་ནང་སྤོས་ཡོད་ལ་ཁོ་ཚོར་འཚོ་བ་སྐྱིད་པོ་ཞིག་ཀྱང་སྐྱེལ་རྒྱུ་བྱུང་ཡོད། ད་ཆ་ཕ་གཡུ་གྲོང་ཚོ་དེ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་གྱུར་ཡོད་ལ། ཉེ་རིང་གང་སར་སྐད་གྲགས་ཆོད་པའི་དུད་ཚང་ཚང་མར་ཉུང་ཐར་ཏང་ཡོན་རེ་ཡོད་པའི་གྲོང་ཚོ་ཞིག་ཏུ་ཡང་གྱུར་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། སྙན་རོང་རྫོང་ཕ་གཡུ་འབྱོར་འབྲིང་དཔེ་སྟོན་གྲོང་གསར་ལ་སྤྱིའི་མ་དངུལ་སྒོར་ཁྲི་ཚོ1604ལྷག་བཏང་ཡོད་པ་དང་། དེང་རབས་ཀྱི་གྲོང་གསེབ་གསར་པའི་རྣམ་པའི་འཆར་འགོད་ལ་གཞིགས་ནས། འཛུགས་སྐྲུན་བྱས་པ་མ་ཟད་བདེ་འཇགས་འཐུང་ཆུ་དང་རླུང་འཕྲིན་བརྙན་འཕྲིན་སོགས་ཆ་ཚང་ལས་གཞི་ལག་བསྟར་བྱས་ཡོད་པས། ས་ཆ་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་ལེགས་བཅོས་བྱུང་ཡོད་པ་དང་། ད་ཆ་ཕ་གཡུ་གྲོང་ཚོའི་མང་ཚོགས་ཀྱིས་རང་གི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས། དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་བཞིན་ཡོད་པ་དང་སྤྱི་ལོ2012ལོར་ཕ་གཡུ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་བབ་སྒོར7300ཙམ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག