མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་གོང་འཕེལ་བཏང་བར་གྲུབ་འབྲས་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-29 10:49

ཀྲུང་གོའི་བོད་ཀྱི་དྲ་བིའ་འཕྲིན། ཉེ་བའི་ལོའི་ནང་། ལྷོ་ཁ་ས་ཁུལ་གྱིས་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་གོང་འཕེལ་གཏོང་རྒྱུ་དེ་སློབ་གསོའི་བྱ་བཞག་དང་མཐུན་པའི་ངང་གོང་འཕེལ་གཏོང་བའི་ལས་འགན་གལ་ཆེན་ཞིག་ལ་བརྩི་བ་དང་། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་གོང་འཕེལ་གཏོང་རྒྱུ་གཙོ་བོར་བྱས་ཐོག གྲང་ཉུང་མི་རིགས་ཀྱི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་པས། སློབ་ཞུགས་གོང་གི་སློབ་གསོའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང༌། སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། དོ་དམ་གྱི་ཆུ་ཚད་དང་སློབ་གསོའི་འགན་སྲུང་གི་སྤུས་ཚད་བརྟན་པོའི་ངང་གོང་མཐོར་ཕྱིན་པ་བཅས་བྱུང་ཡོད་པ་རེད༌།

ཁྱོན་ཡོངས་ནས་སློབ་གསོ་བསྒྱུར་བཅོས་གཏོང་བའི་ཚོད་ལྟའི་ཁུལ་གྱི་རྣམ་གྲངས་ལས་དོན་སྤེལ་ཚུན། ལྷོ་ཁ་ས་ཁུལ་གྱིས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བའི་གོམ་སྟབས་མགྱོགས་སུ་བཏང་ནས། ཕུལ་བྱུང་གི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་རྒྱ་སྐྱེད་དང་རིམ་སྤར་བྱེད་ཆེད། གཙོ་གནད་ཐོག་ཞིང་ཁུལ་དང་འབྲོག་ཁུལ་གྱི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་ཚོད་ལྟའི་རྫོང་རེ་དམ་འཛིན་བྱེད་པ་དང་། དེ་མིན་རྫོང་བཅུ་ཁག་སོ་སོར་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་དཔེ་སྟོན་བུ་བཅོལ་ཁང་རེ་དམ་འཛིན་བྱེད་པ་དེས། ས་ཁུལ་དེ་ཡོངས་ཀྱི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་ལས་གཞིའི་ཚོད་ལྟའི་རྣམ་གྲངས་བྱས་པ་རེད།

སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་སློབ་འཁྲིད་བྱ་ཐབས་ཐད་ས་ཆ་དེ་གའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རྨང་གཞིའི་འོག བོད་མི་རིགས་ཀྱི་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གི་སློབ་གསོའི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས། རང་ས་ནས་རྒྱུ་ཆ་ལེན་ཏེ་བྱིས་པ་ཚོར་འཚོ་བ་དང་འབྲེལ་བའི་སློབ་གསོའི་ནང་དོན་མཁོ་འདོན་བྱས་ནས། བྱིས་པ་ཚོས་བོད་སྐད་ཡིག་སྦྱོང་རྒྱུར་རོགས་རམ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག