མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་སྤ་སེ་ལོག་འཚོང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-28 12:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2014ལོའི་དཔྱིད་གསར་དུས་ཆེན་རིང་གི་ལྕགས་ལམ་གྱི་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱས་ཏེ། རྒྱ་ཆེའི་འགྲུལ་བཞུད་པའི་ཁྲིམས་མཐུན་ཁེ་དབང་དང་ལྕགས་ལམ་སྐྱེལ་འདྲེན་གྱི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་ཆེད། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུ་ཡིས་སྤྱི་ཟླ12པའི་ཚེས24 ཉིན་ནས་སྤྱི་ལོ2014ལོའི་ཟླ་བ་གཉིས་པའི་ཟླ་མཇུག་བར་གཅིག་བསྡུས་ཐོག་དུས་ཡུན་ཉིན80ཡི་ནང་སྤ་སེ་ལོག་འཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྒོར་རྡུང་རྡེག་ནན་པོ་བཏང་ནས། དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ་ཡིན་པ་རེད།

ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2014ལོའི་དཔྱིད་གསར་དུས་ཆེན་རིང་གི་སྐྱེལ་འདྲེན་གྱི་ཚོགས་པའི་སྤ་སེ་ཉོ་བའི་ཆ་རྐྱེན་ཉུང་དུ་བཏང་བ་སོགས་ཀྱི་གནས་ཚུལ་གསར་པར་དམིགས་ཏེ་ལྕགས་ལམ་འཐབ་ཕྱོགས་དང་པོའི་ཉེན་རྟོག་པ་མང་དུ་གཏོང་བ་དང༌། ཡོངས་བསྒྲགས་སྐོར་གཡེང་དང་སོ་ལྟ་བྱེད་གནས་མང་དུ་གཏོང་བ། སྤེལ་རེས་རྡུང་རྡེག་སོགས་ཀྱི་བྱ་ཐབས་བརྒྱུད་ས་ཚིགས་ཁུལ་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང༌། སྤ་སེ་ལོག་འཚོང་བྱེད་མཁན་གྱི་ཐབས་ཤེས་གསར་པ་དང་བྱ་སྤྱོད་མངོན་གསལ་མེད་པ། དྲ་ཐོག་སྤ་སེ་ལོག་འཚོང་བྱེད་པ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་དྲ་བར་དོ་དམ་བྱེད་པ་དང་། ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་གི་སྤ་སེ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཐད་རྒྱུན་མཐུད་སྐོར་བཤེར་བྱེད་རྒྱུ་ཡིན་པ་རེད།

 ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི་ཉེན་རྟོག་པས། རྒྱ་ཆེའི་འགྲུལ་བཞུད་པ་ཚོར་ཚད་ལྡན་གྱི་སྤ་སེ་ཚབ་འཚོང་བྱེད་གནས་དང་ཡང་ན་མེ་འཁོར་བབ་ཚུགས་ནས་སྤ་སེ་ཉོ་དགོས་པ་དང༌། དྲ་ཐོག་ནས་སྤ་སེ་ཉོ་སྐབས་དྲ་ཚིགས་རྫུན་མར་དོ་སྣང་བྱས་ཏེ། ལྕགས་ལམ་ཚན་པའི་སྤ་སེ་ཉོ་སའི་ཚད་ལྡན་དྲ་ཚིགས12306ནས་སྤ་སེ་ཉོ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག