མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་སུ་དགུན་འདེབས་ལས་དོན་སྤེལ་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།  2013-12-28 12:30

མང་ཚོགས་ཚོས་དགུན་འདེབས་བྱེད་བཞིན་པ།

དགུན་འདེབས་ལས་ལ་བྲེལ་བའི་ངང་ཚུལ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཡོངས་སུ་དགུན་འདེབས་ལས་ཀ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཚུན། རིམ་ཁག་ཞིང་འབྲོག་ཚན་པས་ཇུས་འགོད་སྔ་ཙམ་བཟོ་བ་དང་། བཀོད་སྒྲིག་སྔ་ཙམ་བྱེད་པ། ལས་འགོ་སྔ་ཙམ་འཛུགས་པ་བཅས་བྱས་ཏེ་དགུན་འདེབས་ལས་དོན་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཡོད། ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་སྤེ་པ་གྲོང་རྡལ་གྱིས་ཞིང་འབྲོག་མང་ཚོགས་ལ་ཚན་རྩལ་ལག་རྩལ་སྦྱོང་བརྡར་སྤྲད་པ་དང་ལག་རྩལ་ཞབས་ཞུའི་ནུས་པ་མཐོ་རུ་བཏང་བ་དང་དུས་མཚུངས། ཞིང་སྨན་དང་སོན་བཟང་མང་ཚོགས་ཀྱི་ལག་ཏུ་སྤྲོད་པའི་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། ཞིང་ལས་འཕྲུལ་ཆས་གཤམ་སྤྲོད་དང་ཉམས་བཟོ་རྟགས་དཔྱད། སྙོམ་སྒྲིག་ཚོད་ལྟ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ནས་དགུན་འདེབས་ལས་དོན་བདེ་བླག་ཡོང་རྒྱུ་འགན་སྲུང་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག