མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-28 12:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་མངའ་རིས་ས་ཁུལ་གྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བས། དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་གཞི་རྩའི་ཆ་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང་། རྒྱ་ཆེའི་གྲྭ་བཙུན་རྣམས་ལ་ཕུགས་ཕན་གྱི་ལམ་སྲོལ་ཞིག་གྲུབ་ཡོད་པ་རེད།

སྤྱི་ལོ2011ལོ་ནས་རང་ལྗོངས་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་བྱེད་པའི་ལས་དོན་སྤེལ་ཚུན། མངས་རིས་ས་ཁུལ་གྱིས་རྒྱུན་ཆད་མེད་པར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་ཀྱི་ལས་དོན་རྣམས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་། འབྲེལ་ཡོད་ལས་གཞིའི་འཛུགས་སྐྲུན་གོམས་སྟབས་བརྟན་པོས་སྤེལ་ཡོད་པ་རེད། ད་བར་མངའ་རིས་ས་ཁུལ་གྱི་དགོན་སྡེ་ཡོངས་ལ་ཆུ་དང་གློག རླུང་འཕྲིན། བརྙན་འཕྲིན་བཅས་ཤར་གཏོང་ཐུབ་པ་དང༌། ས་ཁུལ་དེ་ཡོངས་ཀྱི་དགེ་འདུན་པ204ཚང་མ་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ནང་ཞུགས་ཡོད་ཅིང་། སྒྲིག་ཁོངས་ནང་ཚུད་པའི་དགེ་འདུན་པ167ཚང་མ་མ་མཐའི་འཚོ་བའི་འགན་སྲུང་ནང་བཅུག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག