མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་སྐྱོན་འགོག་པའི་བྱ་བ་བཀོད་སྒྲིག་བྱས་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-12-27 11:33

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ནགས་ཚལ་གྱི་མེ་སྐྱོན་འགོག་པའི་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་ཤིང་། རང་སྐྱོང་ལྗོངས་ཀྱི་ནགས་ཚལ་མེ་སྐྱོན་འགོག་པའི་བྱ་བ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་བྱེད་པར་བརྒྱུད་བསྒྲགས་བྱས་ཏེ། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་མེ་སྐྱོན་འགོག་པའི་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་བླང་བྱ་ལྟར་ན། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར། ལྷོ་ཁ་ས་ཁུལ་གྱིས་ནགས་ཚལ་མེ་སྐྱོན་འགོག་པའི་བྱ་བར་གཤམ་གྱི་ཕྱོགས་འགའ་ནས་གཙོ་བོར་འཛིན་རྒྱུ་ཡིན་པ་སྟེ། ཐོག་མར་ནགས་ཚལ་མེ་སྐྱོན་འགོག་པའི་དྲིལ་བསྒྲགས་ལ་ཤུགས་བསྣན་ཏེ་མེ་སྐྱོན་དྲིལ་བསྒྲགས་བྱ་བར་དངོས་འབེབས་བྱེད་པ། གཉིས་ནས་ཐང་སྟོང་གི་མེ་ཁུངས་དོ་དམ་བྱ་བར་ཤུགས་བསྣན་ཏེ་མེ་སྐྱོན་འགོག་པའི་རྟོག་ཞིབ་ནུས་བ་ཇེ་ཆེར་བཏང་བ། གསུམ་ནས་མེ་འགོག་རུ་ཁག་འཐུས་ཚང་དུ་བཏང་སྟེ་རྨང་གཞི་སྒྲིག་ཆས་དམིགས་སར་འབྱོར་བ། བཞི་ནས་ཚན་རིག་དང་མཐུན་པའི་སྒོ་ནས་མེ་གསོད་པ་དང་། འཕྲལ་སྒྲིལ་བྱ་བ་དམིགས་སར་འབྱོར་བ། ལྔ་ནས་ལས་འགན་དངོས་འབེབས་བྱེད་པའི་ལམ་ལུགས་བཙུགས་ཏེ་ཉེན་སེལ་ཞིབ་བཤེར་དམིགས་སར་འབྱོར་བ་བཅས་བྱས་ཏེ་ནགས་ཚལ་མེ་སྐྱོན་ཚབས་ཆེན་འབྱུང་རྒྱུ་མེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག