མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱི“གཞི་རིམ་དུ་བསྐྱོད་པ་ལྔའི”བྱ་འགུལ་ལ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-12-27 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་རིག་གནས་དམངས་ཕན་དང་། ཚན་རིག་ཕྱུག་སྒྱུར། འཕྲོད་བསྟེན་བདེ་ཐང་། ཁྲིམས་ལུགས་ཁྱབ་གདལ་སློབ་གསོ། རྒྱལ་གཅེས་སློབ་གསོའི་དྲིལ་བསྒྲགས་ཞབས་ཞུ་བཅས་ཀྱི“གཞི་རིམ་དུ་བསྐྱོད་པ་ལྔའི”བྱ་འགུལ་ཆབ་མདོ་ས་ཁུལ་གྱི་ཆབ་མདོ་རྫོང་དང་བྲག་གཡབ་རྫོང་དུ་སྤེལ་འགོ་ཚུགས་པ་དང་། བྱ་འགུལ་དེར་རོང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

རྒྱུས་ལོན་པ་ལྟར་ན། ས་ཁུལ་ཡོངས་སུ་རིག་རྩལ་འཁྲབ་སྟོན་ཐེངས24འཁྲབ་པ་དང་། སྒོར་མོའི་རིན་ཐང་ཁྲི10ལྷག་གི་སྨན་རྫས་གནང་ཡོད་པ་མ་ཟད། ཁྲིམས་ལུགས་དང་། འཕྲོད་བསྟེན། རིག་གནས། ཚན་རིག་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་ཁྲི25ཕྱིན། དེ་མིན་སོན་བཟང་སོགས་ཀྱི་ཚན་རིག་ཐོན་རྫས་སྣ་ཁ5000ལྷག་མང་ཚོགས་ལ་ཕྱིན་ཡོད་དེ། ལས་བྱེད་མང་ཚོགས་དང་། སློབ་གྲྭའི་སློབ་མ། དགོན་སྡེའི་གྲྭ་བཙུན་ཁྲི10ལྷག་གིས་བོད་ལྗོངས་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་འགྲེམ་སྟོན་ལ་གཟིགས་པ་དང་། རྒྱལ་གཅེས་གློག་བརྙན450ལྷག་གཞི་རིམ་སུ་བསྐྱོད་པའི་བྱ་འགུལ་སྤེལ་བ་ལས་མི་ཁྲི11.3ལྷག་གིས་གློག་བརྙན་ལ་ལྟོས།

གཞི་རིམ་དུ་བསྐྱོད་པ་ལྔའི་བྱ་འགུལ་སྤེལ་བ་བརྒྱུད། ས་གནས་དེའི་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ལ་ཕུན་སུམ་ཚོགས་པའི་རིག་རྩལ་ལེ་ཚན་དང་། འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་ཞུ། སྤྱོད་ཆེ་བའི་ཚན་རིག་ཁྲིམས་ལུགས་ཤེས་བྱ་དང་ཏང་གི་ཆོས་ལུགས་སྲིད་ཇུས་གཞི་རིམ་དུ་སྐྱེལ་བ་མ་ཟད། བོད་ལྗོངས་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་བའི་པར་རིས་འགྲེམ་སྟོན་བྱ་འགུལ་སྤེལ་བ་ལས་རོང་འབྲོག་པའི་རིག་གནས་འཚོ་བར་གསོན་ཤུགས་བསྐྱེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག