མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་རང་སྐྱོང་ལྗོངས་ནས་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས450ལྷག་ཡོད་པ།

  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-12-26 10:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས23ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བསྡོམས་པས་རིག་དངོས་ལས་ཁུངས182རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་སྐོར་དྲུག་པའི་མིང་ཐོར་བཀོད་ཡོད། དེ་ལས་བོད་རང་སྐྱོང་ལྗོངས་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས450ལས་བརྒལ་ཡོད་ལ། བོད་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་ལས་དོན་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་རེད།

ལོ་སྔོན་མའི་སྤྱི་ཟླ10བའི་བར་དུ། བོད་ལྗོངས་སུ་རིག་དངོས་སྲུང་སྐྱོང་ས་ཚིགས4000ལྷག་ཡོད་པ་ལས། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས35ཡོད། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླང་ག ལྷ་ལྡན་གཙུག་ལག་ཁང་བཅས་བདེ་བླག་ངང་འཛམ་གླིང་རིག་གནས་རྗེས་ཤུལ་གྱི་མིང་ཐོའི་ཁྲོད་བཀོད་ཡོད། ལྷ་ས་དང་གཞིས་ཀ་རྩེ། རྒྱལ་རྩེ་བཅས་ཀྱང་བདེ་བླག་ངང་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་མཁར་གྲགས་ཅན་དུ་འདེམས་ཡོད་པ་རེད།

དེ་ལས་གཞན། བོད་ལྗོངས་ཀྱིས་ད་དུང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་རིག་དངོས་སྲུང་སྐྱོང་དོ་དམ་ཐབས་ལམ་གཏན་འབེབས་བྱས་ཏེ་ཕྱིར་བཏོན་ཡོད་ལ། ཕྱི་རོལ་གྱི་རིག་དངོས་སྲུང་སྐྱོང་ལས་ཁུངས་ལ་ཆེད་ལས་མི་སྣས་དོ་དམ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔ་ཚན་བཅུ་གཉིས་པའི་སྐབས་སུ། རྒྱལ་ཁབ་ཀྱིས་བོད་ལྗོངས་རིག་དངོས་སྲུང་སྐྱོང་ཐད་ལ་མ་དངུལ་དུང་ཕྱུར17བཏང་ཡོད་པ་དང་། སྲུང་སྐྱོང་ལས་གཞིའི་ཁྱབ་ཁོངས་ཡངས་ལ་གཞི་རྒྱ་ཆེ་བས། བོད་ལྗོངས་ཀྱི་ལོ་རྒྱུས་སྟེང་དུ་སྔོན་ཆད་བྱུང་མ་མྱོང་བ་ཞིག་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག