མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཡོང་སྒོ་དམའ་བའི་མང་ཚོགས་ཁྲི43ལྷག་ལ་འཚོ་བའི་ཁ་གསབ་རོགས་དངུལ་རྩིས་སྤྲོད་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-12-25 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་དུས་ཆེན་གསུམ་སྟེ(ལུགས་གསར་ལོ་གསར་དང་། ལུགས་རྙིང་ལོ་གསར། བོད་ལུགས་ལོ་གསར)བཅས་སླེབས་ལ་ཉེ་བའི་སྐབས་འདིར། བོད་ལྗོངས་ཀྱིས་ཡོང་སྒོ་དམའ་བའི་མང་ཚོགས་རྣམས་ཀྱིས་བཀྲ་ཤིས་ལ་སྤྲོ་སྐྱིད་ལྡན་པའི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱ་ཆེད། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་གིས་ལག་དངུལ་གྱི་ཚུལ་དུ་ཡོང་སྒོ་དམའ་བའི་མང་ཚོགས་ཁྲི43ལྷག་ལ་སྟེར་ཐེངས་གཅིག་གིས་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་རྒྱུ་ཡིན་པར་ཐག་བཅད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། 2014ལོའི་དུས་ཆེན་གསུམ་གྱི་འཚོ་བའི་ཁ་གསབ་རོགས་དངུལ་ལས་བོད་ལྗོངས་ཀྱི་མི་ཁྲི435208ལ་དངོས་ཕན་ཐོབ་རྒྱུ་ཡིན་ཞིང་། མ་དངུལ་རྩིས་སྤྲོད་བྱེད་པའི་བྱ་བ་ད་ལྟ་སྒྲུབ་བཞིན་སྒང་ཡིན་ལ། སྟེར་ཐེངས་གཅིག་གིས་སྒོར་མོའི་ཁ་གསབ་ཚད་གཞི་ནི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། གྲོང་ཁྱེར་གྱི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་བཅས་ཀྱི་མི་རེར་སྒོར900རེ་སྟེར་རྒྱུ་དང་། རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། འགན་སྲུང་ལྔ་ཐོབ་པའི་གསོ་སྐྱོང་བྱ་ཡུལ། ཞིང་སྡེའི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་བཅས་ཀྱི་མི་རེར་སྒོར300རེ་སྟེར་རྒྱུ་ཡིན་པ་རེད།

རྒྱུས་ལོན་པ་ལྟར་ན། 2008ལོ་ནས་བཟུང་། བོད་ལྗོངས་ཀྱིས་བསྟུད་མར་ལོ6གི་རིང་ལ་ལུགས་གསར་ལོ་གསར་དང་། ལུགས་རྙིང་ལོ་གསར། བོད་ལུགས་ལོ་གསར་བཅས་ཀྱི་སྐབས་སུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་མི་སྣ་དང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ། གཟིགས་སྐྱོང་བྱ་ཡུལ་། འགན་སྲུང་ལྔ་ཐོབ་མཁན་སོགས་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་དངོས་ཉོ་འཛིན་བྱང་དང་ལག་དངུལ་སོགས་སྟེར་ཐེངས་གཅིག་གིས་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སྟེར་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག