མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་གཟུགས་འདུས་ཤུལ་བཞག་རིག་གནས་རྣམ་གྲངས35རྒྱལ་ཁབ་རིམ་པར་སྙན་ཞུ་ཕུལ་བ།

  ཡོང་ཁུངས། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  2013-12-23 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། བོད་ལྗོངས་ཀྱིས་སྐོར་བཞི་བའི་རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་སྙན་ཞུ་རུ་ཕུལ་བའི་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། ཐེངས་འདིར་སྙན་ཞུ་ཕུལ་བའི་གཟུགས་འདུས་ཤུལ་བཞག་རིག་གནས་རྣམ་གྲངས35ཁྲོད་སྲོལ་རྒྱུན་གྱི་རོལ་དབྱངས་དང་། སྲོལ་རྒྱུན་གྱི་ཞབས་བྲོ། སྲོལ་རྒྱུན་གྱི་ཟློས་གར། སྲོལ་རྒྱུན་གྱི་ལུས་རྩལ་དང་རྩལ་རྩེད། སྲོལ་རྒྱུན་གྱི་མཛེས་རྩལ། སྲོལ་རྒྱུན་གྱི་ལག་རྩལ། སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས། སྲོལ་རྒྱུན་གྱི་དམངས་སྲོལ་སོགས་འདུས།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔར། བོད་ལྗོངས་སུ་བསྡོམས་པས་རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས76ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས323ཡོད། ཐེངས་འདིའི་སྙན་ཞུ་ཕུལ་བ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་བོད་ལྗོངས་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱ་བ་ཇེ་ཟབ་ཏུ་སྤེལ་བ་དང་། རིག་གནས་ཐོན་ཁུངས་ཀྱི་ས་ཁུལ་ཆེན་མོ་ནས་རིག་གནས་འཕེལ་རྒྱས་ཀྱི་ས་ཁུལ་སྟོབས་ཤུགས་ཅན་དུ་འཕོ་འགྱུར་བྱུང་བར་མྱུར་དུ་མངོན་འགྱུར་བྱེད་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག