མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་སྤྱི་དབང་མིན་པའི་དཔལ་འབྱོར་མ་རྩ་ཐོ་འགོད་ཚད་སྒོར་དུང་ཕྱུར41ལ་སླེབས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-12-23 10:46

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་རིམ་པ་སོ་སོའི་བཟོ་ཚོང་སྡེ་ཁག་གིས་རིགས་སོ་སོའི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་དངོས་འབེབས་བྱ་རྒྱུ་དེ་གཙོ་བོར་བཟུང་སྟེ། བློ་གསལ་ལ་ཚོད་འཛིན་མི་བྱེད་པའི་སྲིད་ཇུས་ཁོར་ཡུག་བསྐྲུན་པ་དང་། ནུས་བ་ཆེ་ལ་སྤུས་དག་པའི་ཞབས་ཞུ་ཁོར་ཡུག་བསྐྲུན་ཏེ། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རིམ་གསར་བ་རུ་སླེབས་པར་སྐུལ་འདེད་བྱས། 2013ལོའི་ལོ་མཇུག་བར་དུ་ཆབ་མདོ་ས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ཚོང་རའི་ཁྲོད་བཟོ་ཚོང་ཐེམ་དུད་ཁྱིམ་ཚང14838ཡོད་ཅིང་། མ་རྩ་ཐོ་འགོད་ཚད་སྒོར་དུང་ཕྱུར41ལ་སླེབས་པ་དང་། ལོ་སྔོན་མའི་དུས་མཉམ་ལས་སོ་སོ་ནས5.6%དང14.15%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག