མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རང་རྒྱལ་གྱིས་བོད་ཡིག་སོགས་མི་རིགས་བདུན་གྱི་སྐད་ཡིག་གི་ལོ་ཙྰའི་རམ་འདེགས་མཉེན་ཆས་ཞིབ་འཇུག་གསར་སྤེལ་བྱ་བ་ལེགས་འགྲུབ་བྱུང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-21 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཚེས19ཉིན་རྒྱལ་ས་པེ་ཅིན་དུ་བསྡུས་པའི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མི་རིགས་སྐད་ཡིག་ལོ་ཙྰའི་རམ་འདེགས་མཉེན་ཆས་གྲུབ་འབྲས་ཁྱབ་སྤེལ་ཚོགས་འདུ་ལས་ཤེས་གསལ་བྱུང་བ་ལྟར་ན།  རང་རྒྱལ་གྱི་སྐད་ཡིག་བདུན་དང་མི་རིགས་སྐད་ཡིག་གི་ལོ་ཙྰའི་རམ་འདེགས་མཉེན་ཆས་སྣ་ཁ16ཞིབ་འཇུག་གསར་སྤེལ་བྱེད་པར་ལེགས་འགྲུབ་བྱུང་།

  མཚམས་སྦྱོར་བྱས་པ་ལྟར་ན།  འབྲེལ་ཡོད་ཞིབ་འཇུག་གསར་སྤེལ་བྱ་བ་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ལོ་ཙྰ་ཅུའུ་ཡིས་གཙོ་སྒྲུབ་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན་ལ། གསོ་ཡིག་དང་བོད་ཡིག  ཡུ་གུར་རིགས་ཀྱི་སྐད་ཡིག  ཧ་སག་རིགས་ཀྱི་སྐད་ཡིག  ཁྲའོ་ཞན་རིགས་ཀྱི་སྐད་ཡིག་དང་དབྱིས་རིགས་ཀྱི་སྐད་ཡིག  ཀྲོང་རིགས་ཀྱི་སྐད་ཡིག་བཅས་མི་རིགས་བདུན་གྱི་སྐད་ཡིག་གི་ལོ་ཙྰའི་རམ་འདེགས་མཉེན་ཆས་དང་།  དེའི་ནང་དབྱིས་རིགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙྰའི་རམ་འདེགས་མཉེན་ཆས་དང་།  ཀྲང་རོགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙྰའི་རམ་འདེགས་མཉེན་ཆས།  སོག་ཡིག་དང་བོད་ཡིག  ཡུ་གུར་རིགས་ཀྱི་སྐད་ཡིག  ཧ་སག་རིགས་ཀྱི་སྐད་ཡིག   ཁྲའོ་ཞན་རིགས་ཀྱི་སྐད་ཡིག་གློག་རྡུལ་ཚིག་མཛོད་དང་ལོ་ཙྰའི་རམ་འདེགས་མཉེན་ཆས་སོགས་འདུས། 

ཁྱབ་སྤེལ་ཚོགས་འདུའི་སྟེང་།  ནང་སོག་དང་ཅི་ལིན།  སི་ཁྲོན།  ཡུན་ནན།  བོད་ལྗོངས་དང་ཀན་སུའུ།  མཚོ་སྔོན།  ཞིན་ཅང་བཅས་ཞིང་ལྗོངས་བརྒྱད་ལ་རིན་ཐང་སྒོར་ཁྲ112ཀྱི་སོག་ཡིག་དང་བོད་ཡིག།  ཡུ་གུར་རིགས་ཀྱི་སྐད་ཡིག  ཧ་སག་རིགས་ཀྱི་སྐད་ཡིག་དང་ཁྲའོ་ཞན་རིགས་ཀྱི་སྐད་ཡིག་གི་མི་རིགས་སྐད་ཡིག་ལོ་ཙྰའི་རམ་འདེགས་མཉེན་ཆས280འགྲེམ་གཏོང་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག