མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་སུ་གཟིགས་འདས་ཤུལ་བཞག་རིག་དངོས་རྣམ་གྲངས35རྒྱལ་ཁབ་རིམ་པའི་གཟིགས་འདས་ཤུལ་བཞག་རིག་དངོས་གྲས་སུ་ཚུད་པར་སྙན་ཞུ་ཕུལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-12-21 12:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིན་ནས་རྒྱུས་ལོན་པ་ལྟར་ན།  ཉེ་ལམ། བོད་ལྗོངས་ཀྱིས་སྐོར་བཞི་བའི་རྒྱལ་ཁབ་རིམ་པའི་གཟིགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་སྙན་ཞུ་ཕུལ་བའི་བྱ་བ་ལེགས་འགྲུབ་བྱུང་བ་དང་།  ཐེངས་འདིའི་སྙན་ཞུ་ཕུལ་བའི་གཟིགས་འདས་ཤུལ་བཞག་རིག་དངོས་རྣམ་གྲངས་ལས་སྲོལ་རྒྱུན་རོལ་མོ་དང་ཞབས་བྲོ།  ཟློས་གར།  ལུས་རྩལ་དང་རི་མོ།  ལག་རྩལ།  སྨན་རྫས་དང་དམངས་སྲོལ་སོགས་འདུས།

མཚམས་སྦྱོར་བྱས་པ་ལྟར་ན།  མིག་སྔར།  བོད་ལྗོངས་སུ་རྒྱལ་ཁབ་རིམ་པའི་གཟིགས་འདས་ཤུལ་བཞག་རིག་དངོས་རྣམ་གྲངས་བསྡོམས་པས76དང་།  རང་སྐྱོང་ལྗོངས་རིམ་པའི་གཟིགས་འདས་ཤུལ་བཞག་རིག་དངོས་རྣམ་གྲངས323བཅས་ཡོད།  ཐེངས་འདིའི་སྙན་ཞུ་ཕུལ་བའི་བྱ་བ་བརྒྱུད་སྔར་ལས་ལྷག་པར་བོད་ལྗོངས་ཀྱི་གཟིགས་འདས་ཤུལ་བཞག་རིག་དངོས་སྲུང་སྐྱོང་བྱ་བ་གཏིང་ཟབ་མོ་སྤེལ་བ་དང་།  རིག་གནས་ཐོན་ཁུངས་ས་ཁུལ་ལས་རིག་གནས་འཕེལ་རྒྱས་སྟོབས་ལྡན་ས་ཁུལ་དུ་འགྱུར་བར་སྐུལ་འདེད་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག