མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱི་ཆུ་བེད་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-12-20 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་རིམ་ཁག་ཆུ་བེད་ཚན་པས་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་ཐག་བཏང་བ་དང་། ལྷག་པར་དུ་སྤྱི་ཟླ11པའི་ཚུན་དུ་རིམ་ཁག་ཆུ་བེད་ཚན་པས། ད་ལོའི་དགུན་ཁ་དང་དུས་སང་དཔྱིད་ཀའི་ཞིང་ནང་ཆུ་བེད་རྨང་གཞིའི་འཛུགས་སྐྲུན་གྱིས་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས། རིགས་ཁག་གི་ཆུ་བེད་རྣམ་གྲངས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ནང་ཆུ་བེད་ཐད་ཁྱོན་མ་འཇོག་སྒོར་ཁྲི་ཚོ9904བཏང་ཡོད་པ་དང་། ད་ལྟའི་ཆར་དཔའ་ཤོད་རྫོང་འཁོར་ཆེན་ཤང་ནང་སྤོ་མདའ་གཟན་རྩྭའི་བརྟེན་གཞིའི་ཆུ་བེད་ལས་གཞི་དང་། འཛོ་སྒང་གི་རབ་པ་སོགས་ཞིང་ཆུ་གཏོང་ཁུལ་གྱི་ལས་གཞི་ལེགས་སྒྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱས་ཟིན་པ་མ་ཟད། འཛོ་སྒང་དང་ལྷོ་རོང་སོགས་རྫོང་གི་སྤྱི་ལོ2012ལོའི་ཞིང་པའི་གློག་དང་ཆུ་བེད་གཙོ་གནད་རྫོང་འཛུགས་སྐྲུན་གྱི་ལས་འགན་ཡང་ཆ་ཚང་ལེགས་སྒྲུབ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག