ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་གསར་རྙིང་བསྡུར་བའི་སྐོར་སྐྱོད་འགྲེམས་སྟོན་ཐེངས་དང་པོ་སྤེལ་བ་དང༌། འབྲི་རུ་རྫོང་གི་ཁག་དང་པོའི་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་མ་དང་། ས་ཨུད་ཏང་གི་སློབ་གྲྭའི་ལས་བྱེད་པ་དང་ལས་བཟོ་པ་བསྡོམས་པས་མི100ལྷག་གཅིག་བསྡུས་ངང་འགྲེམས་སྟོན་ལ་གཟིགས་པ་རེད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་སྟེང་བསྡོམས་པས་འགྲེམས་སྟོན་སྒྲོམ་གླེང59དང་། སྡེ་ཚན14། ཡིག་འབྲུ་ཁྲི2ལྷག པར་རིས་རྩ་ཆེན300 ལྷག་འགྲེམས་སྟོན་བྱས་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་བརྒྱུད། རྒྱ་ཆེའི་ལས་བྱེད་མང་ཚོགས་རྣམས་ཀྱིས་བོད་ལྗོངས་ཀྱི་སྤྱི་ཚོགས་རྙིང་པའི་སྒྲིག་གཞི་དང་། དེ་བཞིན་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ། རྗེས་ལུས་བཅས་ཀྱི་རྣམ་པར་ཤེས་རྟོགས་ཟབ་མོ་བྱུང་ཡོད་པ་མ་ཟད། འགྲེམས་སྟོན་ཐོག་དམངས་གཙོ་བཅོས་བསྒྱུར་བྱས་ཚུན་བོད་ལྗོངས་ཀྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྐྱེས་ཁམས་བཅས་འཛུགས་སྐྲུན་ཐད་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་དང་། འགྱུར་ལྡོག་ཆེན་པོ་བྱུང་ཡོད་པའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་མངོན་པར་བྱས་ཡོད་པ་རེད། །