མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱི་འབྲི་རིགས་ཐོན་ཚད་ཏུན་ཁྲི96ལ་སླེབས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-12-20 09:59

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཕྱུགས་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། བོད་ལྗོངས་ཀྱི་རིམ་པ་སོ་སོའི་ཞིང་ལས་སྡེ་ཁག་གིས་ལོ་འགོར་ལྗོངས་ཡོངས་ཀྱི་ཞིང་སྡེ་བྱ་བའི་ཚོགས་འདུའི་སྟེང་གཏན་ཁེལ་བྱས་པའི་ད་ལོར་འབྲུ་རིགས་ཐོན་ཐོན་ཚད་ཏུན་ཁྲི96་སླེབས་རྒྱུ་དང་། ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་དུས་མཇུག་ཏུ་འབྲུ་རིགས་ཐོན་ཚད་ཏུན་ཁྲི100སླེབས་སུ་འཇུག་རྒྱུའི་དམིགས་ཚད་ལྟར། ཕྱོགས་ཡོངས་ནས་བྱེད་ཐབས་སོ་སོ་དངོས་འབེབས་བྱས་ཏེ། ཕན་ནུས་ལྡན་པའི་ངང་ནས་འབྲུ་རིགས་འདེབས་པའི་མང་ཚོགས་ཀྱི་འདོད་བློ་ཇེ་མཐོར་བཏང་བ་དང་། འབྲུ་རིགས་བདེ་བླག་ངང་ཐོན་སྐྱེད་བྱེད་པར་ཁག་ཐེག་བྱས་ཤིང་། ཚད་ལས་བརྒལ་ཏེ་ལོ་འགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་སུ་ལེགས་འགྲུབ་བྱུང་། ས་ཁུལ་སོ་སོའི་ཞིང་ཕྱུགས་སྡེ་ཁག་གིས་ཐོག་མར་ཚད་འཇལ་ཏེ་བསྡོམས་རྩིས་བྱས་པ་ལྟར་ན། ད་ལོར་བོད་ལྗོངས་ཀྱི་འབྲི་རིགས་ཐོན་ཚད་ཏུན་ཁྲི96ལ་སླེབས་ཡོད་དེ་ལོ་སྔོན་མའི་དུས་མཉམ་ལས་ཏུན་ཁྲི1.1ཇེ་མང་དུ་སོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག