མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་སྔོན་མ་གསུམ་གྱི་ནང་ལྷོ་ཁ་ས་ཁུལ་གྱི་ཐོན་ལས་གསུམ་པོ་བརྟན་རླིང་ངང་འཕར་སྣོན་བྱུང་བ།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-12-18 11:24

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་ལྷོ་ཁ་ས་ཁུལ་གྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་ཡོང་བར་སྣེ་ཁྲིད་བྱས་ནས། ནུས་ཤུགས་ཡོད་དགུའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་། བརྟན་རླིང་ལ་འགན་སྲུང་བྱེད་པ། དམངས་འཚོ་ལ་ཁེ་ཕན་བསྐྲུན་པ་བཅས་ཀྱི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད། དུས་ཚིགས་སྔོན་མ་གསུམ་གྱི་ནང་ལྷོ་ཁ་ས་ཁུལ་གྱི་ཐོན་ལས་གསུམ་པོ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་མངོན་འགྱུར་བྱས།

ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་ལ་ལོ་ལེགས་བྱུང་ཡོད་དེ། དུས་ཚིགས་སྔོན་མ་གསུམ་གྱི་ནང་། ལྷོ་ཁ་ས་ཁུལ་གྱིས་ཞིང་ཕྱུགས་ལས་ཐོན་སྐྱེད་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར7.74ལེགས་འགྲུབ་བྱུང་ཡོད་དེ་ལོ་སྔོན་མའི་དུས་མཉམ་ལས3.9%འཕར།

བཟོ་ལས་དཔལ་འབྱོར་བརྟན་རླིང་ངང་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ས་ཁུལ་ཡོངས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར13ལེགས་འགྲུབ་བྱུང་ཡོད་དེ། འཕར་རིན་སྒོར་དུང་ཕྱུར7.09མངོན་འགྱུར་བྱས་ཡོད་དེ་དུས་མཉམ་ལས7.7%འཕར་ཡོད། གཞི་ཁྱོན་མན་གྱི་བཟོ་ལས་སྤྱིའི་ཐོན་ཚད་སྒོར་དུང་ཕྱུར1.1ལེགས་འགྲུབ་བྱུང་ཡོད་པ་དང་། འཕར་རིན་སྒོར་དུང་ཕྱུར0.61མངོན་འགྱུར་བྱས་ཤིང་དུས་མཉམ་ལས35.8%བཅས་འཕར་ཡོད་པ་རེད།

ཐོན་ལས་གསུམ་པའི་སྤྱིའི་འཕེལ་ཕྱོགས་ཅུང་ལེགས་པ། གནས་སྐོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བཞིན་ཡོད་དེ། རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི137.8སྣེ་ལེན་བྱས་ཤིང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར3.83མངོན་འགྱུར་བྱས་ལ། ལོ་སྔོན་མའི་དུས་མཉམ་ལས་སོ་སོ་ནས19%དང་30%འཕར་ཡོད། དེ་མིན་མགྲོན་པོ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་དེ། མགྲོན་པོ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི142.8ལེགས་འགྲུབ་བྱུང་ཡོད་ལ་ལོ་སྔོན་མའི་དུས་མཉམ་ལས2.4%འཕར་ཡོད་ཅིང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི108.8ལེགས་འགྲུབ་བྱུང་ཡོད་དེ་ལོ་སྔོན་མའི་དུས་མཉམ་ལས7%བཅས་འཕར་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག