ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཆུ་བེད་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཆར་འགོད་ཁྲོད་མེད་པའི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་ལས་གཞིར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་ཞིབ་བཤེར་རྩིས་ལེན་བྱས་ཤིང་། མིག་སྔའི་བར་དུ་ལྷ་ས་གྲོང་ཁྱེར་གྱི་འཐུང་ཆུའི་བདེ་འཇགས་ལས་གཞི་ཁྱབ་གདལ་བྱེད་ཚད95%ལ་སླེབས་ཡོད།
ལྷ་ས་གྲོང་ཁྱེར་ཆུ་བེད་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་གསར་འགོད་པར་བཤད་རྒྱུར། བཟོ་འགོད་འདིའི་ལས་གཞི2010ལོར་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། དོན་དངོས་སུ་ཆུ་འདོན་ས་ཚུགས77ལེགས་འགྲུབ་བྱུང་ཞིང་། དེ་ལས་ཤང19དང་གྲོང་རྡལ5། ཞིང་སྡེ73གྱི་ཁྱིམ་ཚང3456གི་མི15309ཡི་འཐུང་ཆུའི་བདེ་འཇགས་གནད་དོན་དང་འབྲེལ་བ་ཡོད། ལས་གཞི་འདིར་བསྡོམས་པས་མ་དངུལ་སྒོར་ཁྲི1440བཏང་ཡོད་དེ། ལས་འགན་ལེགས་འགྲུབ་བྱུང་ཚད114%ལ་སླེབས། མིག་སྔའི་བར་དུ། ལྷ་ས་གྲོང་གྲོང་ཁྱེར་གྱི་ཞིང་སྡེའི་འཐུང་ཆུའི་བདེ་འཇགས་འཆར་གཞིའི་ལས་འགན་ལེགས་འགྲུབ་བྱུང་ཚད100%ལ་སླེབས་ཡོད་དེ། འཐུང་ཆུའི་བདེ་འཇགས་ཁྱབ་གདལ་བྱེད་ཚད95%ཡན་ལ་སླེབས་ཡོད་པ་རེད། །