མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་འགའ་ཁྲིན་ཏུའུ་རུ་རིན་མི་དགོས་པའི་སྨན་བཅོས་བྱེད་པར་བསྐྱོད་པ།

  ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ།  2013-12-16 10:53

འདི་ནི་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གི་སྨན་བཅོས་མི་སྣས་བྱིས་པ་ཞིག་ལ་ཁྲག་ཤེད་འཇལ་བཞིན་པའི་ཚུལ་རེད།

འདི་ནི་བོད་ལྗོངས་ལྷན་གྲུབ་རྫོང་གི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་དག་ཕ་མ་དང་མཉམ་དུ་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དུ་འབྱོར་ནས་གཤགས་བཅོས་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་ཚུལ་རེད།

འདི་ནི་བོད་ལྗོངས་ལྷན་གྲུབ་རྫོང་གི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ་ཞིག་རེད།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས13ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ལྷན་གྲུབ་རྫོང་ནས་ཡོང་བའི་སྐོར་དང་པོའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་པའི་བྱིས་པ13ཁྲིན་ཏུའུ་རུ་འབྱོར། རྗེས་ཕྱོགས་ཀྱི་གཟའ་འཁོར་གཅིག་གི་རིང་བྱིས་པ་འདི་དག་གིས་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་ནས་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་རེད། ད་ལོའི་སྤྱི་ཟླ7པར་ཁྲིན་ཏུའུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་གིས་ལྷུན་གྲུབ་རྫོང་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྐབས་སུ། ཡོན་ཀྲང་དཔལ་དབང་གྱིས་མཚམས་སྦྱོར་བྱས་པ་ལྟར་ན་དམངས་ཡོངས་ཀྱི་གཟུགས་པོར་ཞིབ་བཤེར་བྱེད་སྐབས་བོད་ལྗོངས་ཀྱི་བྱིས་པ་མང་པོར་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་ཕོག་ཡོད་ཟེར། གནས་ཚུལ་འདི་སྨན་ཁང་ལ་ཡར་ཞུ་བྱས་རྗེས་སྨན་ཁང་གིས་མྱུར་དུ་སྨན་པ་མངགས་ཏེ་བོད་ལྗོངས་སུ་ཕེབས་ནས་ཡུལ་དངོས་ནས་བྱིས་པ80ལྷག་ལ་ཉན་བརྟག་དང་སྒྲ་འདས་བརྟག་དཔྱད་བྱས་པ་བརྒྱུད། མཇུག་མཐར་བྱིས་པ13ལ་གཤགས་བཅོས་བྱེད་དགོས་པར་གཏན་ཁེལ་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག