མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མངའ་རིས་ས་ཁུལ་གྱི་རོང་འབྲོག་པ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་ཁྲོད་ཞུགས་ཚད100%ལ་སླེབས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-11-20 11:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་སྤྱི་ཐིན་འཕྲོད་བསྟེན་ཞབས་ཞུ་ལ་ཤུགས་སྣོན་བྱེད་པ་དང་རིམས་ནད་སྔོན་འགོག་བྱ་བའི་བརྙན་ཟློས་ཚོགས་འདུ་སྟེང་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་འཕྲོད་བསྟེན་དང་རིམས་ནད་སྔོན་འགོག་ལས་ཁུངས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་བོར་དམིགས་ཏེ། རང་སྐྱོང་ལྗོངས་དང་ས་ཁུལ་གྱི་འབྲེལ་ཡོད་བཀོད་སྒྲིག་ལག་ལེན་དང་དངོས་འབེབས་བྱས་ཏེ། ལས་དོན་སོ་སོར་གྲུབ་འབྲས་གསར་བ་བླངས་ཡོད་པ་རེད།

ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་བྱ་བ་རྒྱ་བསྐྱེད་དེ་ཕན་འབྲས་ལྡན་པ་མངོན་འགྱུར་བྱས་ཤིང་། འགན་སྲུང་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་བཏང་བ་དང་། ནད་ལྗིད་མོར་རོགས་སྐྱོར་སྨན་བཅོས་བྱེད་པའི་འགན་སྲུང་ལམ་ལུགས་མུ་མཐུད་དུ་འཐུང་ཚང་དུ་འགྲོ་བཞིན་ཡོད་པས་རོང་འབྲོག་པ་ཞིང་སྡེའི་མཉམ་ལས་སྨན་བཅོས་ལམ་ལུགས་ཁྲོད་ཞུགས་ཚད100%ལ་སླེབས། དེ་མིན་རོང་འབྲོག་པ་དང་། ལས་བྱེད་མི་སྣའི་ལུས་པོར་ཞིབ་བཤེར་བྱེད་པའི་བྱ་བ་ཡོངས་སུ་ལག་བསྟར་བྱས་ཤིང་། གཟེངས་བསྟོད་སྲིད་ཇུས་དང་ལུས་པོར་ཞིབ་བཤེར་བྱས་པའི་མཇུག་འབྲས་གཟའ་འཁོར་གཅིག་གི་ནང་བླངས་ཆོག་པའི་ལམ་ལུགས་བཙུགས་ཏེ། གྲོང་རྡལ་སྡོད་དམངས་དང་དགོན་སྡེའི་གྲྭ་བཙུན་རྣམས་ལ་རིན་མི་དགོས་པར་ལུས་པོའི་བདེ་ཐང་ལ་ཞིབ་བཤེར་བྱེད་པའི་བྱ་བ་ནན་ཏན་ངང་སྐུལ་འདེད་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག