མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་ཀ་རྩེ་ས་ཁུལ་གྱི་སློབ་ཞུགས་སྔོན་གྱི་སློབ་གསོའི་ཁ་གསབ་རོགས་དངུལ་དང“འགན་ལེན་གསུམ”སློབ་མ་ཁྲི12ལ་ཁེབས་པ།

  ཡོང་ཁུངས། མི་དམངས་དྲ་བ།  2013-11-19 11:04

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་རིང་ལ། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱིས་རིགས་སོ་སོའི་སློབ་གསོའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་པར་འབད་བརྩོན་བྱས་ཏེ། སློབ་གསོ་འདྲ་མཉམ་དུ་སྤེལ་བའི་བྱ་བ་གོང་འཕེལ་བྱུང་ཡོད་ལ། འོས་འགན་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས2015ལོའི་བར་དུ་རྒྱུན་བསྲིངས་ཡོད་པ་དང་། རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ཅིང་། དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་རིམ་བཞིན་འཐུས་ཚང་དུ་འགྲོ་བཞིན་ཡོད།

ས་ཁུལ་ཡོངས་ཀྱི་རོང་འབྲོག་པའི་བུ་དང་བུ་མོ། གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་དང་བུ་མོ། དེ་མིན་གཞུང་ལམ་གསོ་བཅོས་ལས་བྱེད་མི་སྣའི་བུ་དང་བུ་མོ་བཅས་ཀྱིས་ཆ་སྙོམས་སུ“འགན་ལེན་གསུམ”གྱི་སྲིད་ཇུས་བེད་སྤྱོད་བྱེད་བཞིན་ཡོད། ད་ལོའི་ལོ་འགོར་གཞིས་ཀ་རྩེ་ས་ཁུལ་གྱི་སློབ་གསོ་སྔོན་གྱི་ཁ་གསབ་རོགས་དངུལ་དང་སློབ་གྲྭ་འབྲིང་ཆུང་གི“འགན་ལེན་གསུམ”གྱི་སློབ་སྐྱོར་རོགས་དངུལ་སྔོན་རྩིས་འགྲོ་གྲོན་བསྡོམས་པས་སྒོར་ཁྲི30126.68ལ་སླེབས་ཡོད་ཅིང་། ས་ཁུལ་ཡོངས་ཀྱི་སློབ་མ་ཁྲི12ལ་ཁེབས་ཡོད་པ་རེད། དེའི་ནང་སློབ་ཞུགས་སྔོན་གྱི་སློབ་གསོའི་དུས་རིམ་གྱི་སློབ་མ་མི13089ཡོད་པ་དང་། སློབ་ཆུང་དུས་རིམ་གྱི་སློབ་མ་མི64635ཡོད། སློབ་འབྲིང་དུས་རིམ་གྱི་སློབ་མ་མི28542ཡོད། མཐོ་འབྲིང་དུས་རིམ་གྱི་སློབ་མ་མི13791བཅས་འདུས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག