མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམིགས་འཁེལ་ཟབ་སྦྱོང་འཛིན་གྲྭ་གཉེར་ནས་བོད་རིགས་ཀྱི་རི་ཐང་སྣེ་ཁྲིད་པ21སྐྱེད་སྲིང་བྱས།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-19 11:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས17ཉིན་བོད་རང་སྐྱོང་ལྗོངས་རི་ཀླུང་ཐང་བརྒལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཉིང་ཁྲི་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚུལ་སྤྱི་གླིང་གིས་སྒྲུབ་འགན་འཁུར་བའི་བོད་ལྗོངས་ཀྱི་ཕྱི་རོལ་རི་ཐང་སྐྱེ་ཁམས་སྣེ་ཁྲིད་རུ་ཁག་སྐབས་དང་པོའི་ཟབ་སྦྱོང་འཛིན་གྲྭ་བདེ་བླག་ཏུ་མཇུག་རྫོགས་པ་དང་། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭས་བོད་ལྗོངས་བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚུལ་སྤྱི་གླིང་དང་ཡར་ཀླུང་གཙང་པོའི་གྲོང་རོང་ཆེན་མོའི་ཡུལ་སྐོར་ཁུལ་དམིགས་སུ་བཟུང་ནས་བོད་རིགས་རི་ཐང་སྣེ་ཁྲིད་པ21སྐྱེད་སྲིང་བྱས་པའི་དུས་མཚུངས་སུ། བོད་ལྗོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་སྣེ་འཁྲིད་རུ་ཁག་གི་བྱ་བ་གཉེར་མཁན་མི7ཡང་རང་འགུལ་གྱིས་ཟབ་སྦྱོང་དུ་ཞུགས། ད་ཐེངས་ཀྱི་ཟབ་སྦྱོང་འཛིན་གྲྭ་ནི་བོད་ལྗོངས་ཀྱིས་ས་བབ་སྨི5500མན་གྱི་རི་ཀླུང་ཐང་བརྒལ་ལ་དགའ་བའི་ཡུལ་སྐོར་བ་ཚོར་དམིགས་ནས་གཉེར་པའི་ཆེད་ལས་སྣེ་འཁྲིད་ཟབ་སྦྱོང་ཞིག་ཡིན། ཁྲིད་སྟོན་དགེ་རྒན་གསུམ་ཡོད་པ་ཚང་མ་རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་ཅན་གྱི་རི་ཐང་བརྒལ་མཁན་གྱི་དགེ་རྒན་ཡིན། བསླབ་ཚན་གྱི་ནང་དོན་ཕྱི་རོལ་རི་ཐང་བརྒལ་བའི་སྤྱི་བཤད་དང་། ཕྱི་རོལ་རི་ཐང་གི་ཁོར་ཡུག་དང་ཉེན་ཁ་དབྱེ་འབྱེད། ཕྱི་རོལ་དུ་བསྐྱོད་པའི་སྒྲིག་ཆས་ཤེས་བྱ། ཕྱི་རོལ་རི་ཐང་གི་ཁོར་ཡུག་སྲུང་སྐྱོབ། ས་དབྱིབས་ཀྱི་ས་ཁྲའི་ཤེས་བྱ་དང་། དཔྱད་ཀློག་སོགས་འདུས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག