མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ས་གནས་ཁག་གིས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་འཕྱུར་པ།

  ཡོང་ཁུངས། མི་དམངས་དྲ་བ།  2013-11-19 11:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ཉིན་འགའི་རིང་། བོད་ལྗོངས་ཀྱི་ས་གནས་ཁག་གི་སྡེ་ཁག་སོ་སོས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པའི་མཐོ་རླབས་ཤིག་འཕྱུར་པ་རེད། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཐེངས་འདིའི་ཚོགས་འདུ་ནི་རང་རྒྱལ་བཅོས་སྒྱུར་སྒོ་འབྱེད་ཀྱི་གནད་འགག་གསར་པར་བསྡུས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚོགས་འདུ་འཚོགས་པ་ནི་རང་རེའི་ཏང་གི་ཏིང་ཞའོ་ཕིན་རིག་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་དོན་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ནས། གནས་བབ་གསར་པའི་འོག་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གཞི་རྩའི་ལམ་ཕྱོགས་དང་། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་། གཞི་རྩའི་རེ་བ་ལག་བསྟར་བྱ་རྒྱུ་དང་། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་གསལ་བསྒྲགས་དང་མཚོན་སྟངས་གཙོ་བོ་མཚོན་པའི་དར་ཆ་མཐོན་པོར་བསྒྲེངས་ནས་གནས་བབ་གསར་པ་དང་འགན་ཁུར་གསར་པར་ཁ་ཕྱོགས་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱས་ནས་སྟོབས་ལྡན་དང་། དམངས་གཙོ། དཔལ་ཡོན། འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་སྤྱིའི་བཀོད་སྒྲིག་དང་། སྤྱིའི་སྐུལ་སློང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་བདེ་ལེགས་ངང་འཕེལ་རྒྱས་ཡོང་བའི་སྐུལ་འདེད་ལ་ངེས་པར་དུ་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ངེས་ཟེར།

ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཐིང་གིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཀྱི་ལས་བྱེད་པ་ཡོངས་ཀྱིས་ཁྱོན་ཡོངས་ནས་ཚོགས་འདུའི་དགོངས་དོན་དང《ཆོད་ཡིག》ལག་བསྟར་བྱས་ནས། ད་ལོའི་བྱ་བ་ཁག་གི་འགན་ཁུར་ལེགས་འགྲུབ་ཡོང་པར་ཁག་ཐེག་བྱས་ཤིང་། ཏང་སྤྱོད་དང་སྲིད་སྤྱོད་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་བརྒྱབ་ནས། ཆབ་སྲིད་སྒྲིག་ལམ་དང་། རྩ་འཛུགས་སྒྲིག་ལམ། ནོར་དཔལ་སྒྲིག་ལམ། བྱ་བའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་དམ་པོ་འཛིན་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་དམ་པོར་དམིགས་ཏེ་དོན་དངོས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་བྱ་བ་སྒྲུབ་ནས། བྱ་བ་ཁག་གནད་དམ་པར་ལག་བསྟར་བྱེད་པར་ཁག་ཐེག་དང་བཅོས་སྒྱུར་སྒོ་འབྱེད་བདེ་བླག་ཏུ་་སྒྲུབ་པར་སྲུང་སྐྱོབ་བྱེད་དགོས།

ལྗོངས་ཏང་ཨུད་དྲིལ་སྒྲོག་པུའུ་ཡིས་ཏང་ཡོན་ལས་བྱེད་པ་ཚང་མས་ཚོགས་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་། གཏིང་ཟབ་པའི་གོ་བ་ལེན་དགོས་པའི་རེ་བ་བཏོན་ཞིང་། མིག་སྔར་སྤེལ་བཞིན་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་དང་། ད་ལོའི་ལྗོངས་ཡོངས་ཀྱི་དྲིལ་སྒྲོག་བྱ་བའི་འགན་ཁུར་བཅས་དང་སྦྲེལ་ནས། ཕྱོགས་གཉིས་ནས་འཛིན་པ་དང་། ནོར་འཕྱུག་མེད་པ་གཉིས་འཁྱོངས་པར་བྱ་རྒྱུ་དང་། བྱ་བའི་གནད་གཙོ་བོ་དེ་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དྲིལ་སྒྲོག་བྱ་བའི་ཐད་གཅིག་སྡུད་བྱེད་པ། ལྗོངས་ཡོངས་ཀྱི་དུས་དེབ་དང་། རྒྱང་སྒྲོག བརྙན་འཕྲིན། དྲ་བ་བཅས་སྨྱན་སྦྱོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། དྲིལ་སྒྲོག་ཆེན་པོ་བྱས་ཏེ། ནུས་པ་ཡོད་ཚད་ཀྱིས་ཚོགས་འདུའི་དགོངས་དོན་མི་སེམས་ལ་འཇོག་པར་སྐུལ་འདེད་བྱེད་དགོས།

  ཆབ་མདོའི་ས་ཁུལ་ཨུ་ལྷན་གྱིས་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་རྗེས་ཕྱོགས་དུས་སྐབས་ཤིག་

རིང་གི་ཆབ་སྲིད་ཀྱི་འགན་ཁུར་གཙོ་བོ་བྱ་རྒྱུའི་རེ་བ་བཏོན་ནས། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ཆབ་མདོའི་བཅོས་སྒྱུར་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ལ་སྐུལ་འདེད་བྱེད་པར་ཟུང་འབྲེལ་བྱེད་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོར་ཟུང་འབྲེལ་བྱེད་པ། “བཟོ་ལས་གྲོང་གཙོ་དང་། གཞོགས་གཉིས་སྐུལ་ཁྲིད། ཤར་ནུབ་འཕེལ་རྒྱས། རྟེན་གཞི་གསར་སྐྲུན”དང་ཟུང་འབྲེལ་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་རང་རྟོགས་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཤུགས་སྣོན་བརྒྱབ་ཁར། ཆབ་མདོའི་ལས་རིགས་ཁག་བདེ་ལེགས་རྒྱུན་མཐུད་པའི་འཕེལ་རྒྱས་ཡོང་པར་སྐུལ་འདེད་བྱས་ནས “དྲུག་ཅན་ཆབ་མདོ” འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས།

ལྷོ་ཁ་ས་ཁུལ་ཨུ་ལྷན་གྱིས་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་བ་ནན་ཏན་གྱིས་འཛིན་པའི་བླང་བྱ་བཏོན་པ་ནི ། དོན་དངོས་སུ་བསམ་བློ་དང་འགུལ་སྐྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་མུ་འབྲེལ་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི《ཆོད་ཡིག》དགོངས་དོན་སྟེང་གཅིག་གྱུར་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་དེ་ས་ཁུལ་གྱི་ལས་རིགས་ཁག་སྐུལ་འདེད་བྱེད་པའི་ཆབ་སྲིད་ཀྱི་སྒུལ་ཤུགས་དང། འཕེལ་རྒྱས་བསམ་ཕྱོགས་དང་བྱ་བའི་བྱེད་ཐབས་སུ་བསྒྱུར་ནས། ཧུར་ཐག་གིས་ལྷོ་ཁ་ས་ཁུལ་གྱི་མཆོངས་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་གཏན་འཇགས་ལ་གནས་བབ་གསར་པ་གསར་གཏོད་བྱེད་དགོས།

མི་དམངས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་གི་ཏང་ཨུད་ཧྲུའུ་ཅི། ཧང་ཀྲང་ཀོ་ཀྲིང་ཧེ་ཡིས་བསྟན་དོན། ང་ཚོ་ནི་མི་དམངས་དངུལ་ཁང་གི་མངགས་བཅོལ་སྡེ་ཁག་ཅིག་ཡིན་པའི་ཆ་ནས། ཁྱོན་ཡོངས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱས་ཏེ། མི་དམངས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད། སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག དངུལ་རྩའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པའི་འཐབ་ཕྱོགས་འཁུར་དུ་འཁྱེར་ནས། ཀྲུང་དབྱང་གིས་བོད་ལྗོངས་ལ་གནང་པའི་དམིགས་བསལ་དངུལ་རྩའི་སྲིད་ཇུས་ལེགས་པོར་ལག་བསྟར་བྱེད་པ་དང་། འཐུས་ཚང་དུ་སྤྱོད་པ། གསོན་ཤུགས་ཀྱིས་སྤྱོད་པ་བཅས་བྱས་ནས་དངུལ་རྩའི་ཞབས་ཞུ་བཅོས་སྒྱུར་བྱེད་རྒྱུུ་དང་། སྤྱི་ཚོགས་ལས་རིགས་སོ་སོར་སྔར་ལས་སྟབས་བདེའི་དངུལ་རྩའི་ཞབས་ཞུ་དང་དངུལ་རྩའི་ཐོན་རྫས་མཁོ་སྤྲོད་བྱས་ནས། ཚད་ལྡན་གྱི་དངུལ་རྩའི་གོ་རིམ་བརྒྱུད་ནས་སྔར་ལས་ལྷག་པའི་དངུལ་རྩའི་ལས་རིགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ་དང་། བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་དངུལ་རྩའི་རམ་འདེགས་ནུས་པ་ཐོན་པར་བྱེད་དགོས།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞི་ཅིན་ཕེན་གྱི་མུ་འབྲེལ་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་ལེན་པ་དང་། བསམ་བློ་གཅིག་གྱུར། བློ་རྩ་བརྟན་པོས་ཡར་རྒྱས་ལ་བརྩོན་ལེན་བྱེད་པ། ཧུར་ཐག་གིས“འགྱུར་བ་གཉིས”སྐུལ་འདེད་བྱེད་པ། ཀུང་སིའི་ཚན་རིག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས། མགྱོགས་མྱུར་སྒོས་མཐོ་སྒང་གི་འགྱུར་མེད་རིག་ནུས་གློག་དྲ་འཛུགས་པར་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཀྲི་པུའུ་ཡིས་སློབ་སྦྱོང་དང་། ཆེད་དོན་ཞིབ་འཇུག་བགྲོ་གླེང་བཅས་རྣམ་པ་སྣ་ཚོགས་སྤྱད་ནས། མགྱོགས་མྱུར་ངང་སློབ་སྦྱོང་གི་མཐོ་རླབས་འཕྱུར་པ་དང་། ནན་ཏན་གྱིས་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། མི་དོན་ལམ་ལུགས་བཅོས་སྒྱུར། ཡོང་འབབ་བགོ་བཤའ་བཅས་ལ་ནན་ཏན་གྱིས་གོ་བ་ལེན་པར་རེ་བ་གསར་པ་བཏོན་པ་མ་ཟད། བོད་ལྗོངས་ཀྱི་དོན་དངོས་དང་སྦྲེལ་ནས། ཚོགས་འདུའི་དགོངས་དོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་ཞིབ་ཕྲའི་ལས་རིགས་ཁག་ཏུ་དོན་དངོས་ཀྱིས་ལག་བསྟར་བྱེད་དགོས་པའི་བླང་བྱ་ཡང་བཏོན།

ལྗོངས་སློབ་གསོ་ལས་དོན་ཨུ་ལྷན་གྱིས་སློབ་གསོའི་ཁོངས་གཏོགས་སྡེ་ཁག་གི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སློབ་གསོའི་ཁྱབ་ཁོངས་ཀྱི་སྣ་མང་བཅོས་སྒྱུར་གྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ལམ་ཕྱོགས་ལག་བསྟར་དང་། ནུས་བ་ཆེན་པོས་སློབ་གསོ་དྲང་བདེན་ལ་སྐུལ་འདེད་བྱེད་པ། རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ། དུས་ཐོགཏུ་སྙན་ཞུའི་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། དྲིལ་སྒྲོག་རྩ་འཛུགས། ཞིབ་འཇུག་བགྲོ་གླེང་ཚོགས་འདུ། ཟབ་སྦྱོང་བཅས་བསྡུས་པ་བརྒྱུད་ནས། ཁྱོན་ཡོངས་ནས་སློབ་གསོའི་སྣ་མང་བཅོས་སྒྱུར་གྱི་སྤྱིའི་བསམ་ཕྱོགས་དང་བྱེ་བྲག་བྱེད་ཐབས་ལ་ཡང་དག་པའི་འགྲེལ་བཤད་བྱས་ཏེ། ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་ནན་ཏན་གྱིས་སློབ་གསོའི་ལག་ལེན་བྱེད་སྒོ་བཅོས་སྒྱུར་བྱ་བ་ལག་བསྟར་བྱེད་རྒྱུ་དང་། བོད་ལྗོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་སྒུལ་ཤུགས་སུ་འཛིན་པ་དང་། ཁྱོན་ཡོངས་ནས་ད་ལོའི་ལས་རིགས་ཁག་གི་བྱ་བའི་འགན་ཁུར་འགྲུབ་དགོས་པ་དང་། སང་ལོའི་བྱ་བ་གཙོ་བོ་འཆར་འགོད་བཟོས་ནས། མུ་མཐུད་དུ་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན།

ལྗོངས་ཏང་གི་སློབ་གྲྭ་དང་རང་སྐྱོང་ལྗོངས་སྲིད་འཛིན་སློབ་གྲྭས་སྔ་མོ་ནས་ལྗོངས་ཡོངས་ཀྱི་ས་ཁུལ་དང་ཐིང་རིམ་པ་དང་། རྫོང་དང་་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་ཞིབ་འཇུག་བགྲོ་གླེང་གི་འཛིན་གྲྭ་དང་། ནན་ཏན་གྱིས“སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙན་ཞུའི་དགོངས་དོན་སྒྲོག་འགྲེལ”སྐོར་གྱི་རྒྱང་ཁྲིད་ཟབ་སྦྱོང་འཛིན་གྲྭ་བཅས་གཉེར་བར་གྲ་སྒྲིག་བྱས་ཏེ། འབྲེལ་ཡོད་ཆེད་དོན་ཇུས་འགོད་བྱས་ནས། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་སློབ་ཁྲིད་བྱ་བ་དེ་སློབ་ཁྲིད་བྱ་བའི་འབུར་ཐོན་གྱི་གོ་གནས་སུ་བཞག་ཏེ། དོན་དངོས་ཀྱིས་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་དེབ་དུ་འདྲེན་པ་དང་། སློབ་ཁྲིད་དུ་འདྲེན་པ། སློབ་མའི་ཀླད་པའི་ནང་འདྲེན་པའི་བྱ་བ་ཁག་སྒྲུབ་དགོས་པ་དང་། ཧུར་ཐག་གིས་ཆེད་མཁས་རྩ་འཛུགས་བྱས་ནས་སྨྱན་སྦྱོར་རིགས་ཀྱི་ཐད་གཏོང་འགྲེལ་བཤད་ལེ་ཚན་དུ་ཞུགས་པར་རྩ་འཛུགས་བྱེད་དགོས་པ། སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། ཞིབ་འཇུག དྲིལ་སྒྲོག ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཁུར་དུ་བབས་པའི་ནུས་པ་འདོན་དགོས་པ། གཞུང་ལུགས་འགྲེལ་བཤད་གཏིང་ཟབ་པར་བྱ་རྒྱུ་དང་། ཚོགས་ཆེན་གྱི་དགོངས་དོན་ལ་ནན་ཏན་གྱིས་འབྲེལ་ནས། ནང་དོན་གཙོ་བོ་ཁག་ཅིག་སྒྲིག་ནས་ནུས་པ་རྩ་འཛུགས་བྱས་ཏེ་ཐུན་མོང་གིས་གནད་འགག་སྒྲོལ་དགོས་པ། ཁྱོན་ཡོངས་ནས་གཏིང་ཟབ་པའི་བཅོས་སྒྱུར་གྱི་དོན་སྙིང་གལ་ཆེན་དང་སྤྱིའི་རེ་བར་གཏིང་ཟབ་པའི་ཞིབ་འཇུག་དང་འགྲེལ་བཤད་བྱེད་དགོས་པ། དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གྱི་འགན་ཁུར་དང་བྱེད་ཐབས་ལ་གཏིང་ཟབ་པའི་ཞིབ་འཇུག་དང་འགྲེལ་བཤད་བྱེད་དགོས་པ། ཀྲུང་གོའི་བགྲོད་ལམ་གྱི་བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་ཀྱི་གཞི་རྩའི་རེ་བར་གཏིང་ཟབ་པའི་ཞིབ་འཇུག་འགྲེལ་བཤད་བྱས་ཏེ། རིན་ཐང་དང་ནུས་ཚད་ལྡན་པའི་ཞིབ་འཇུག་གི་གྲུབ་འབྲས་ཁག་ཅིག་སྤེལ་ནས། ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་གོ་ཆོད་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་བསྐྲུན་དགོས་པ། སང་ལོའི་ཏང་གི་སློབ་གྲྭའི་སྤྱིའི་བྱ་བའི་འཆར་འགོད་ལེགས་པོ་བསྒྲུབས་ནས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སློབ་གྲྭའི་གསར་གཏོད་བྱ་བའི་སྒྲིག་འཛུགས་འཐུས་ཚང་བསྐྲུན་ཏེ། བཅོས་སྒྱུར་གསར་གཏོད་ཀྱི་མཁའ་དབུགས་ལེགས་པོ་ཆགས་པར་བྱ་རྒྱུ་དང་། “ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས”ལྡན་པའི་ཏང་གི་སློབ་གྲྭ་འཛུགས་སྐྲུན་མུ་མཐུད་འཕེལ་རྒྱས་ཡོང་པར་སྐུལ་འདེད་བྱེད་དགོས་པའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག