མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པ་སྣམ་རྫོང་དེ་གཞིས་ཀ་རྩེའི་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་ཆེ་ཤོས་སུ་གྱུར་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-11-19 11:03

མང་ཚོགས་ཀྱིས་སྔོ་ཚལ་སྐྱེས་འཕེལ་གྱི་གནས་ཚུལ་རྟོགས་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། པ་སྣམ་རྫོང་གིས་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེར་བཏང་བས་གཞིས་རྩེ་ས་ཁུལ་གྱི་སྔོ་ཚལ་འདེབས་འཛུགས་བྱེད་སའི་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད་པ་རེད། རྟེན་གཞི་དེས་པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་འགྲོ་བའི་ལམ་སྣེ་ལྟ་བུ་ཡིན་པའི་ངོས་ནས་གཅིག་བསྡུས་ཐོག་ཐོན་སྐྱེད་འགྲེམ་སྟོན་ལྟེ་གནས་དང་། ལག་རྩལ་གསར་པ་དང་རྒྱུད་བཟང་གསར་པ་ཁྱབ་སྤེལ་ལྟེ་གནས། ཞིང་པའི་ཚན་རིག་ཁྱབ་སྤེལ་སློབ་གསོའི་ལྟེ་གནས། ཞིང་ལས་ཐོན་རྫས་ཕྱིར་འཚོང་ལྟེ་གནས། ས་མཐོའི་སྔོ་ཚལ་ཚན་རིག་ཞིབ་འཇུག་ལྟེ་གནས་དེ་བཞིན་བར་གསེང་སྤྲོ་སྐྱིད་ལྟེ་གནས་སོགས་ཀྱི་ནུས་པ་བརྒྱད་གཅིག་དུ་བསྡུས་ཏེ་རྫོང་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག