མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-19 11:03

སེར་གླིང་མཚོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཛེས་ལྗོངས།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ནང་ཆུ་གྲོང་རྡལ་ནས་ལམ་ལ་ཆས་རྗེས། རླངས་འཁོར་ནུབ་ཕྱོགས་སུ་སྐྱོད་ནས་ཕྱིན། བྱང་ཐང་གི་དཀྱིལ་དབུས་ས་ཁུལ་གྱི་དཔལ་མགོན་རྫོང་དང་ཤན་རྩ་རྫོང་སོགས་བརྒྱུད་ནས་མདུན་དུ་སྐྱོད། རྩྭ་ཐང་དཀྱིལ་དབུས་ཀྱི་སྔོ་མདོག་རབ་ཏུ་འཚེལ་བའི་མཚོ་མོ་དང་། རྩེ་མོ་མཁའ་རུ་ཟུག་པའི་གངས་ཀྱི་རི་བོ་སོགས་རྩྭ་ཐང་གི་མཛེས་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག དཔལ་མགོན་རྫོང་དང་ཤན་རྩ་རྫོང་གཉིས་ཀྱི་བར་དུ་སེར་གླིང་མཚོའི་ཁྲུང་ཁྲུང་སྐེ་ནག་རང་བྱུང་སྲུང་སྐྱོང་ཁུལ་ནང་ལོགས་ཀྱི་འདབ་ཆགས་གླིང་ཕྲན་སྟེང་དུ། སྐོར་ཚོགས་བྱས་པའི་ཁྲུང་ཁྲུང་སྐེ་ནག་བག་ཕེབས་སུ་གནས་ཡོད། གཞུང་ལམ་གྱི་འགྲམ་ངོགས་གཉིས་སུ་གཙོད་དང་རྐྱང་སོགས་རི་སྐྱེས་སྲོག་ཆགས་སྐོར་ཚོགས་མང་པོས་གང་འདོད་དུ་ཟས་རིགས་འཚོལ་བཞིན་ཡོད་ལ། དེ་ནི་རླངས་འཁོར་གྱི་དྲ་མིག་ཕྱི་རོལ་དུ་རྒྱུན་མཐོང་གི་གནས་ཚུལ་ཞིག་ཏུ་གྱུར་ཡོད།

སེར་གླིང་མཚོའི་ཁྲུང་ཁྲུང་སྐེ་ནག་སྲུང་སྐྱོང་ཁུལ་ནི་བོད་ལྗོངས་ཀྱིས་བཙུགས་པའི་སྐྱེས་ཁམས་ནུས་ཤུགས་སྲུང་སྐྱོང་ཁུལ་ལས་གཅིག་ཡིན་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན། ད་ལྟ་བོད་ལྗོངས་ཀྱི་མངའ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་གྲངས་ཀ7000ཡས་མས་སུ་སླེབས་ཡོད། གཙོད་ཀྱི་གྲངས་ཀའང་ལོ་རེ་བཞིན་ཇེ་མང་འགྱུར་བཞིན་ཡོད་ལ། མིག་སྔར་གཙོད་ཁྲི15ལྷག་ལ་སླེབས་ཡོད་པ་རེད། བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཞེས་པའི་རྒྱབ་ཤོག་དཀར་པོའི་དཔེ་དེབ་སྟེང་དུ། བོད་ལྗོངས་ལ་བསྡོམས་པས་རིགས་སྣ་ཚོགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ47ཡོད་པ་དང་། དེ་དག་ལས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་ཁུལ་དགུ་དང་། རང་སྐྱོང་ལྗོངས་རིམ་པའི་སྲུང་སྐྱོང་ཁུལ14། ས་ཁུལ་དང་རྫོང་རིམ་པའི་སྲུང་སྐྱོང་ཁུལ24བཅས་ཡོད་པ་རེད། སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ41.37ཡོད་པས། ལྗོངས་ཡོངས་ཀྱི་ས་ཁོངས་རྒྱ་ཁྱོན་གྱི33.9%ཟིན་ཡོད་པ་དང་། རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན། བོད་ལྗོངས་ལ་རྒྱལ་ཁབ་ཀྱི་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་རིགས125དང་། རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རྩ་ཆེན་བྱེད་དགོས་པའི་རི་སྐྱེས་རྩི་ཤིང་དང་སྲོག་ཆགས་རིགས་སོ་དགུ་འཛུགས་སྐྲུན་བྱེད་འཚག་པའི་སྲུང་སྐྱོང་ཁུལ་དུ་བདག་སྐྱོང་བཟང་པོ་བྱེད་བཞིན་ཡོད།

རི་སྐྱེས་སྲོག་ཆགས་ས་གནས་གང་རུང་ནས་མཐོང་ཐུབ།

མཚོ་འགྲམ་དུ་འཚོ་གནས་བྱས་པའི་ཁྲུང་ཁྲུང་སྐེ་ནག

ཕ་ཡུལ་ཤན་རྩ་རྫོང་གི་ཤན་རྩ་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པའི་བོད་ཀྱི་ན་གཞོན་ཐར་ཆེན་ནི་ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་དུ་ཤན་རྩ་རྫོང་གི་ནགས་ཚལ་སྤྱི་བདེ་པ་ཞིག་ཏུ་གྱུར། ཁོང་གི་ལས་འགན་གཙོ་བོ་ནི་དུས་གཏན་ལྟར་སྲུང་སྐྱོང་ཁུལ་ནང་ལོགས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་འཚོ་བའི་གནས་ཚུལ་ལ་ལྟ་རྟོག་བྱ་རྒྱུ་དེ་རེད། ཤན་རྩ་རང་བྱུང་སྲུང་སྐྱོང་ཁུལ་ཀྱང་ཁྲུང་ཁྲུང་སྐེ་ནག་དང་གཙོད་མང་པོ་འཚོ་གནས་བྱ་ཡུལ་ཡིན། ཐར་ཆེན་གྱིས། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་དེ་མི་སེམས་སུ་ཟུག་ཡོད་པས། ས་གནས་དེ་གའི་འབྲོག་པ་མང་ཚོགས་མི་གཅིག་གིས་ཀྱང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་མི་གཏོང་བ་རེད། ད་ལོ་ལོ་གྲངས57ལོན་པའི་བོད་ཀྱི་འབྲོག་མི་ཨ་བློ་ནི། སྲུང་སྐྱོང་ཁུལ་དེའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཁན་ཡིན་པ་རེད། ཨ་བློ་ཚང་ནི་སྲུང་སྐྱོང་ཁུལ་གྱི་དཀྱིལ་དབུས་སུ་གནས་ཡོད། ཁྱིམ་ཚང་དེར་ཁོ་རང་དང་བྱིས་པ་བཞི། ལོ་གྲངས་དོན་གཉིས་ལ་སོན་པའི་ལོ་ལོན་རྒན་མོ་དེས་ཕྱུགས་ཟོག30ལྷག་དང་ལུག400ལྷག་འཚོས་ཡོད། 2008ལོར། ཨ་བློ་ཡིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཁན་གྱི་ལས་དོན་སྒྲུབ་འགོ་བརྩམས་པ་དང་། ཟླ་རེའི་ཟླ་ཕོག་སྒོར400ཡིན་པ་རེད། ནགས་ལས་ཅུས་ཀྱིས་སྲུང་སྐྱོང་མཁན་མི་རེར་འཕྲུལ་རྟ་གཅིག་སྤྲད་ནས། ཞིབ་བཤེར་ལྟ་སྐོར་བྱེད་པར་མཁོ་འདོན་བྱས་ཡོད་པ་རེད།

རིགས་སྣ་མང་བའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་རྗེས། བོད་ལྗོངས་ཀྱི་སྐྱེས་ཁམས་འཕེལ་རྒྱས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་ལ་འགན་ལེན་བྱས་པ་མ་ཟད། དུས་མཚུངས་སུ་སྲུང་སྐྱོང་ཁུལ་ནང་ལོགས་ཀྱི་གདོད་དམངས་ལ་ལས་ཞུགས་བྱེད་པའི་ལས་གནས་གསར་བའང་མཁོ་འདོན་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག