མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

སང་ལོར་དངོས་ལྗོངས་ཟློས་གར《རྒྱ་བཟའ་ཀོང་ཇོའི》སྤ་སེ་ཚོང་གནས་བརྒྱ་ལྷག་ཁ་སྣོན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2013-11-19 10:13

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས16ཉིན་གྱི་ཕྱི་དྲོ། 2013ལོའི་དངོས་ལྗོངས་ཟློས་གར《རྒྱ་བཟའ་ཀོང་ཇོའི》འཛིན་བྱང་ཕྱིར་འཚོང་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་ཚོགས་ནས་ལོ་འདིའི་ནང་འཛིན་བྱང་ཕྱིར་འཚོང་བྱེད་ཚད་མཐོ་ཤོས་ཡིན་པའི་གནས་སྐོར་ཀུང་ཟི་གསུམ་ལ་གཟེངས་བསྟོད་བྱས་ཡོད་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་པ་ལྟར་ན། 2014ལོར། དངོས་ལྗོངས་ཟློས་གར《རྒྱ་བཟའ་ཀོང་ཇོ》ཞེས་པ་དེར་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་སྤེལ་གཏོང་བའི་མ་དངུལ་བཏང་སྟེ་དངོས་ལྗོངས་ཟློས་གར་དེའི་མིང་གྲགས་དང་ཤུགས་རྐྱེན་རྒྱ་ཆེར་བཏང་བ་དང་ཆབ་ཅིག་ལྷ་ས་དེ་བཞིན་རྒྱལ་ཡོངས་ཀྱི་ཡུལ་སྐོར་ཀུང་ཟི་དང་མགྲོན་ཁང་། མཛེས་ལྗོངས་ཁུལ་སོགས་སུ་འཛིན་བྱང་འཚོང་བའི་ལམ་བུ་བརྒྱུད་ནས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བསྐྲུན་རྒྱུ་ཡིན་པ་རེད། ལྷ་ས་གྲོང་ཁུལ་ནང་འཛིན་བྱང་འཚོང་གནས་བརྒྱ་ལྷག་ཁ་སྣོན་བྱས་ནས་གྲོང་ཁུལ་གྱི་ཕྱོགས་ཁག་ཏུ་ཁྱབ་པར་བྱས་ཏེ་སྤ་སེ་ཉོ་སྐབས་སྟབས་བདེ་ཡོང་བ་བྱེད་རྒྱུ་ཡིན་པ་རེད། མི10ཡན་གྱིས་མཉམ་དུ་འཛིན་བྱང་ཉོ་ཚེ་རིན་གོང་གཅོག་རྒྱུ་ཡིན་པ་རེད། དེ་མིན། དངོས་ལྗོངས་ཟློས་གར《རྒྱ་བཟའ་ཀོང་ཇོ》ཞེས་པ་དེ་སྤྱི་ཟླ12པའི་ཟླ་དཀྱིལ་ནས་སྦྱོང་བརྡར་བྱེད་འགོ་བརྩམས་ཏེ། འཁྲབ་སྟོན་གྱི་ནང་དོན་དང་རྣམ་པ་དེ་བཞིན་གར་སྟེགས་ཀྱི་མཛེས་རྩལ་གློག་སྒྲོན་སོགས་འཐུས་སྒོ་ཇེ་ཚང་དུ་བཏང་ནས་འཆར་གཞི་ལྟར་ན་སང་ལོའི་སྤྱི་ཟླ4པར་འཁྲབ་སྟོན་ཐུབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག