མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ཞིང་སྡེའི་འཐུང་ཆུ་བཟོ་འགོད་ལས་མི་ཁྲི62.47ལྷག་གི་འཐུང་ཆུ་གནད་དོན་ཐག་གཅོད་བྱས་པ།

རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཡོང་ཁུངས། མི་དམངས་དྲ་བ།  2013-11-18 10:49

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཞིང་སྡེའི་འཐུང་ཆུ་བཟོ་འགོད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། མང་ཚོགས་ཀྱིས་དྭངས་ཤིང་གཙང་ལ་བདེ་ཐང་ཡིན་པའི་ཆུ་འཐུང་ཐུབ་པར་ཁག་ཐེག་བྱེད་ཆེད། 2012ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆུ་བེད་ཅུའུ་ཡིས་བྱེད་ཐབས་མང་པོ་སྤྱད་དེ་། བྱ་བའི་དོ་དམ་ལ་ཤུགས་བསྣན་པས། མང་ཚོགས་གྱི་འཐུང་ཆུ་རྒྱུ་སྤུས་མངོན་གསལ་ངང་ཇེ་མཐོར་སོང་ཡོད་པ་རེད།

མིག་སྔའི་བར་དུ། ཆབ་མདོ་ས་ཁུལ་གྱིས་བསྡོམས་པས་གྲོང་རྡལ138དང་། སྲིད་འཛིན་གྲོང་ཚོ1052ཀྱི་མི་ཁྲི62.47ལྷག་གི་འཐུང་ཆུ་གནད་དོན་ཐག་གཅོད་བྱས་ཤིང་། རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་ཁྱབ་རྡལ་བྱེད་ཚད87%ལ་སླེབས་ཡོད་དེ། ཞིང་སྡེའི་འཐུང་ཆུ་བཟོ་འགོད་ལ་མང་ཚོགས་རྣམས་ཀྱིས“དམངས་སེམས་བཟོ་འགོད”དང“སྲིད་ལེགས་བཟོ་སྐྲུན”ཞེས་འབོད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག