ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གནས་སྐོར་ཅུའུ་ཡི་གསར་དུ་བསྡོམས་རྩིས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་སྤྱི་ཟླ1པོ་ནས་སྤྱི་ཟླ10བའི་བར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི1214.9སྣེ་ལེན་བྱས་ཤིང་། ལོ་སྔོན་མའི་དུས་མཉམ་ལས21.6%འཕར་ཡོད་དེ། དོན་དངོས་སྟེང་ད་ལོའི“དགུན་དུས་བོད་ལྗོངས་སུ་ཕེབས་པའི”གནས་སྐོར་བ་རྣམས་ཕོ་བྲང་པོ་ཊ་ལ་སོགས་ལྗོངས་རྒྱུ་ཁུལ་མ་གཏོགས་ལྟ་སྐོར་བྱེད་ཡུལ་ད་དུང་ཧ་ཅང་མང་པོ་ཡོད་པ་རེད། །