མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་ལྔའི་རིང་ལ་ནག་ཆུའི་ཞིང་འབྲོག་པའི་ཏང་ཡོན་སྔ་ཕྱི་སྡོམ་རྩིས་བྱས་ན་འཕེལ་གྲངས་ཆིག་ཁྲི་ལྷག་ལ་ཟིན།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2013-11-16 21:22

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཚུན་ལ། ནག་ཆུ་ས་ཁུལ་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཏང་ཡོན་གོང་སྤེལ་གྱི་གྲོས་ཚོགས་དགོང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་ཞིང་འབྲོག་པའི་ཏང་ཡོན་ལས་ཀ་དེ་ཏང་འཛུགས་ལས་ཀའི་འོས་འགན་གལ་ཆེན་དུ་བཟུང་ནས་རྒྱུན་བསྐྱངས་པ་དང་། ཏང་ཡོན་གྱི་ཡི་གེ་བཅུ་དྲུག་གོང་དུ་སྤེལ་བའི་དམིགས་འབེན་གཞིར་བཟུང་སྟེ། བྱེད་རིམ་དྲུག་རྒྱུན་འཁྱོངས་བྱས་ནས་ཞིང་འབྲོག་པའི་ཏང་ཡོན་གོང་དུ་སྤེལ་བའི་ལས་ཀའི་དཀའ་གནད་སེལ་པས། ཞིང་འབྲོག་པའི་ཏང་ཡོན་གོང་དུ་སྤེལ་བའི་ལས་ཀར་གྲུབ་འབྲས་མངོན་གསལ་ཐོན། ༢༠༠༨ལོའི་ཚུན་ལ། སྔ་རྗེས་སུ་ཞིང་འབྲོག་པའི་ཏང་ཡོན་མི་གྲངས་༡༡༧༥༦ལ་ཟིན་པ་དང་། རྒྱལ་ཡོངས་ཀྱི་ཏང་ཡོན་གྱི་སྤྱི་གྲངས་ལས་བརྒྱ་ཆའི་༦༤ཟིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག