མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུའི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲ་རིམ་འཕར་བསྒྱུར་བཀོད་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་ཁེ་བསྐྲུན།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-16 21:22

    ཨར་ལས་ཕྱོགས་ཀྱིས་འོད་སྣང་ས་མཐོར་འཕྲོ་རུ་བཅུག་པ།

    ང་ཚོས་རྒྱལ་ཁབ་གློག་དྲ་ནག་ཆུ་གློག་འདོན་ཀུང་སི་ནས་སུང་ཅན་མཐོང་བྱུང་། ཁོ་ནི་གཟུགས་ཚད་འབྲིང་དང་མཁུར་ཚོས་ནག་པོར་གྱུར་ཡོད་ལ། ཁོ་ནི་རྒྱལ་ཁབ་གློག་དྲ་ཀུང་སི་ནས་ཕེབས་པའི་བོད་ལྗོངས་ཞིང་གྲོང་གློག་དྲའི་ལས་གཞི་ཆེད་དོན་རོགས་སྐྱོར་མི་སྣའི་གྲས་ཀྱི་གཅིག་རེད།

    སུང་ཅན་གྱིས་བཤད་རྒྱུར། “བོད་བྱང་རྩྭ་ཐང་དུ་སླེབས་དུས། ཆ་རྐྱེན་ཧ་ཅང་དཀའ་སྡུག་ཆེ་ཞིང་ཕལ་ཆེར་རྒྱུན་དུ་དགོང་མོར་གཉིད་མི་འོང་མོད། ངས་བསམ་པར་གནས་འདིར་སླེབས་ན་ནན་ཏན་གྱིས་དོན་དག་ངོ་མ་ཞིག་སྒྲུབ་ནས། ‘བོད་ལྗོངས་རྒན་པའི་སྙིང་སྟོབས’དར་སྤེལ་བྱས་ནས་རྒྱལ་ཁབ་གློག་དྲ་ཧྲི་ཅ་ཀྲོང་གློག་འདོན་ཀུང་སིས་རེ་བཅོལ་གཏོང་ཟད་དུ་མི་གཏོང་པར། ཞིང་གྲོང་གློག་དྲ་འཛུགས་སྐྲུན་ལས་གཞིར་དོ་དམ་ལེགས་པོ་བྱས་ནས་འོད་སྣང་དེ་གངས་ལྗོངས་ས་མཐོར་འཕྲོ་པར་བྱེད་དགོས”ཟེར།

    ༢༠༡༢ལོའི་ཟླ༥པའི་ཟླ་འགོར། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའ་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་གྲོང་གློག་དྲའི་རིམ་འཕར་བཅོས་སྒྱུར་ལས་གཞི་ཕྱོགས་ཡོངས་ནས་སྤེལ་བ་ནས་བཟུང་། རྒྱལ་ཁབ་གློག་དྲ་ཀུང་སིའི་རྒྱལ་ཡོངས་ནས་ཞིང་གྲོང་གློག་དྲ་ལས་གཞི་འཛུགས་སྐྲུན་མི་སྣ༡༦བདམས་ནས་བོད་ལྗོངས་སུ་ཞིང་གྲོང་བཅོས་སྒྱུར་ལས་གཞིའི་རོགས་སྐྱོར་བྱ་བ་སྤེལ་བར་མངགས། མིག་སྔར་རིམ་པ་དང་པོའི་རོགས་སྐྱོར་མི་སྣ༡༦གིས་བོད་ལྗོངས་ཀྱི་བྱ་བ་འགྲུབ་ལ་ཉེ་ཤིང་། རིམ་པ་གཉིས་པའི་རོགས་སྐྱོར་ཆེད་མཁས༣༦ཀྱང་ད་ལོའི་ཟླ༧པའི་ཚེས༢༥ཉིན་བོད་ལྗོངས་སུ་སླེབས་རྒྱུ་རེད། ད་སྐབས་རིམ་པ་དང་པོའི་རོགས་སྐྱོར་མི་སྣ་དང་ཆད་ལྷག་མེད་པར་མཐུན་སྦྲེལ་དང་མཉམ་དུ་ཞིང་གྲོང་གློག་དྲའི་དོ་དམ་བྱ་བ་སྤེལ་གྱིན་འདུག རོགས་སྐྱོར་མི་སྣ་བོད་དུ་སླེབས་མ་ཐག བྲེལ་ཟིང་གི་ལས་གཞི་འཛུགས་སྐྲུན་ཁྲོད་ཞུགས་ནས་མགྱོགས་མྱུར་ངང་མཐོ་སྒང་གི་གནམ་གཤིས་འཕྲོད་པར་བྱས་ཏེ། ཞིང་གྲོང་གློག་དྲའི་འཛུགས་སྐྲུན་དོ་དམ་དུ་ཞུགས་ཤིང་། ཁྱོན་ཡོངས་ནས“བརྒྱུད་པ། རོགས་སྐྱོར། སྣེ་ཁྲིད”ཀྱི་ནུས་པ་བཏོན་ཏེ་བོད་ལྗོངས་ཀྱི་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲ་རིམ་འཕར་བཅོས་སྒྱུར་ལས་གཞིར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ།

    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ལུའུ་ཞའོ་མིང་གིས་དགའ་སྤྲོའི་ངང་བཤད་རྒྱུུར།“ཞིང་གྲོང་གློག་དྲའི་རོགས་སྐྱོར་མི་སྣས་བོད་ལྗོངས་ཀུང་སིས་ཞིང་གྲོང་གློག་དྲ་འཛུགས་སྐྲུན་ལ་ཧུར་ཐག་གིས་བྱས་རྗེས་བཞག་ནས། བོད་ལྗོངས་ཀུང་སིར་འཇོན་མི་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་དང་། སྔོན་ཐོན་གྱི་དོ་དམ་བྱེད་སྟངས་དང་བྱ་བ་སྒྲུབ་ཐབས་ཁྱེར་ནས་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་གློག་ཤུགས་ཀུང་སིའི་ཞིང་གྲོང་གློག་དྲ་འཛུགས་སྐྲུན་གྱི་དོ་དམ་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ་རེད”ཟེར།

    མིག་སྔར། གཞིས་ཀ་རྩེ་དང་། ལྷོ་ཁ། ཆབ་མདོ། ནག་ཆུ་སོགས་ཀྱི་རྫོང༡༧གྱི་ཞིང་གྲོང་གློག་དྲ་འཛུགས་བསྐྲུན་ཁྲོད། རྫོང༡༠ལ་སྔ་གཞུག་ཏུ་གློག་བཏང་ཟིན་ལ། རྫོང༧ལ་འཛུགས་སྐྲུན་བྱེད་སྒང་རེད། རྒྱུས་ལོན་བྱས་པ་ལྟར་ན། ཞིང་གྲོང་གློག་དྲའི་ཆེད་དོན་རོགས་སྐྱོར་བྱ་བ་སྤེལ་བ་དང་མཉམ་དུ། རོགས་སྐྱོར་མི་སྣའི་ནང་སའི་དོ་དམ་བྱེད་ཐབས་དང་ཉམས་མྱོང་ལ་ཟུང་འབྲེལ་བྱས་ནས། ལས་སྒོའི་གོ་རིམ་གཙོ་བོ༡༤འཐུས་ཚང་དུ་བཏང་ནས་རྨང་འཛུགས་དོ་དམ་ལམ་ལུགས་དང་ཚད་གཞི༧༤གཏན་འཁེལ་བྱས་ཏེ། ལས་སྒོ་ཆ་ཚང་པ་དང་། གོ་རིམ་ཆ་ཚང་པ། ལས་གནས་ཆ་ཚང་པར་ཁྱབ་པའི་ཚད་གཞི་དང་ལམ་ལུགས་མ་ལག་གྲུབ་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག