མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུའི་གློག་ཤུགས་འཛུགས་སྐྲུན་དང་ཞིང་སྡེའི་གློག་དྲ་རིམ་འཕར་བསྒྱུར་བཀོད་ཀྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་ཁེ་བསྐྲུན།

རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-11-16 21:22

    ཕན་ཁེ་བྱུང་པའི་རྫོང་གི་ཡོང་འབབ་ལྡབ་འགྱུར་གྱིས་འཕར་བ།

    ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་དུ་ང་ཚོས་ལྕགས་སྒྲོམ་ཕྲེང་བསྟར་བསྒྲིགས་པ་མཐོང་ཞིང་། ལྕགས་སྒྲོམ་ཁ་ཤས་ཀྱི་ཕྱེད་ཀ་ཙམ་འགྲུབ་པ་དང་། ཁ་ཤས་སྒྲིག་ནས་ལེགས་གྲུབ་བྱུང་ཡོད། ཁ་ཤས་དངུལ་སྐུད་ཀྱིས་གཞི་གཅིག་ཏུ་སྦྲེལ་ཡོད། འདི་ནི་ནག་ཆུ་ས་ཁུལ་སྦྲ་ཆེན་རྫོང་གི་ཞིང་གྲོང་གློག་དྲའི་ལས་གཞིའི་སྟོང་ཧྥུ༡༡༠ཅན་གྱི་གློག་ལམ་འཛུགས་སྐྲུན་གྱི་ལས་ཡུལ་དངོས་རེད།

    སྦྲ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་ཟླ་བས་རྒྱུན་དུ་བཤད་རྒྱུར།“ང་ཚོས་གློག་དྲའི་གློག་སྤྱོད་པར་རེ་སྒུག་བྱས་ནས་ཡུན་རིང་འགོར་སོང་། ད་ལོར་གློག་གཏོང་སྐུད་ལམ་འཛུགས་སྐྲུན་འགོ་བརྩམས་པ་ནི་དགའ་འོས་པའི་དོན་དག་ཅིག་ཡིན་པ་དང་། སང་ལོའི་ལོ་མཇུག་ཏུ་གློག་དྲའི་གློག་སྤྱོད་ཐུབ། འདི་ལྟར་བྱས་ཚེ་ཕན་ཁེ་ཐོབ་མཁན་ནི་རྫོང་མཁར་གཅིག་པུ་མིན་པར། གཞན་ད་དུང་རྫོང་ཡོངས་ཀྱི་ཤང(གྲོང་བརྡལ)༨གྱི་མི་གྲངས་ཁྲི༥ལ་ཉེ་བ་འདུ་ཞིང་། གློག་ཡོད་ཚེ་འཚོ་བ་གསར་པ་ཡོད་པ་རེད”ཟེར།

    རྫོང་དཔོན་གཞོན་པ་ཟླ་བས་བཤད་རྒྱུར།“སྦྲ་ཆེན་རྫོང་གི་ཞིང་གྲོང་གློག་དྲའི་རིམ་འཕར་བསྒྱུར་བཀོད་ལས་གཞིའི་འཛུགས་སྐྲུན་ཁྲོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་ཡན་ལག་ཀུང་སིས་ང་ཚོར་དུས་ཐོག་ཏུ་འབྲེལ་བ་བྱས་ཏེ། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་མཐོང་གང་ལེགས་མཛད་པ་མ་ཟད། ཨར་ལས་དོ་དམ་དང་ལས་གཞིའི་འཛུགས་སྐྲུན་གྱི་རྒྱུ་སྤུས་ལ་ཤུགས་སྣོན་དང་། བདེ་འཇགས་ལ་ཁག་ཐེག་བྱས་པ་ཡིན ”ཟེར།

    རྒྱུས་ལོན་བྱས་པ་ལྟར་ན། ༢༠༡༤ལོའི་མཇུག་ཏུ་སྦྲ་ཆེན་རྫོང་ལ་གློག་བཏང་རྗེས། ད་ཡོད་ཀྱི་གཏེར་ལས་བཟོ་གྲྭ་དང་། ཤ་རིགས་ལས་སྣོན་བཟོ་གྲྭ་བཅས་དམངས་གཉེར་མཉམ་ལས་དཔལ་འབྱོར་རྩ་འཛུགས་ཁང་གིས་ལག་ཤེས་བཟོ་ལས་དེ་གློག་ཆས་ཅན་གྱི་ཐོན་སྐྱེད་དུས་རབས་སུ་ཞུགས་རྒྱུ་ཡིན་པས། རྫོང་དེ་གའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་དེ་སྔའི་སྒོར༥༥༠༠ནས་མི་རེའི་ལོ་རེའི་སྒོར༨༠༠༠ལ་འཕར་ནས། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མཐོར་འགྲོ་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག